ཟླ12པའི་ཚེས27ཉིན། མཚོ་སྔོན་གྱི་ཆོས་ལུགས་ཚོགས་པ་སོ་སོས་གསར་དུ་བཅོས་བཅོས་བརྒྱབ་པའི《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ཞིང་ཆེན་ནང་བསྟན་མཐུན་ཚོགས་དང་ཞིང་ཆེན་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས། ཞིང་ཆེན་ཡེ་ཤུའི་ཆོས་ལུགས་ཀྱི་ཚོགས་པ་གཉིས་བཅས་ཀྱི་འགན་ཁུར་བ་དང་གནམ་བདག་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་སྔ་གཞུག་ཏུ་གཏམ་བཤད། ཚང་མས་གཅིག་གྱུར་གྱིས་བལྟས་ན། གསར་དུ་བཟོ་བཅོས་བརྒྱབ་པའི《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག》གིས་གནད་དོན་གྱི་ཁྲིད་ཕྱོགས་ཁོང་དུ་ཆུད་པར་བྱས་ཡོད་པ་དང་མཚོ་སྔོན་གྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཡོད་ལ། ལག་བསྟར་རང་བཞིན་དྲག་པོ་ལྡན་པས། རྒྱུས་ལོན་ཆ་ཚང་དང་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། སྲོལ་ཡིག་དེ་ཆོས་ལུགས་བྱ་འགུལ་སྤེལ་བའི་འགུལ་སྐྱོད་ཀྱི་རྩ་འཛིན་དུ་བརྩིས་ནས། རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་མཐུན་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས་ཟེར།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མཚོ་སྔོན་དུ་ཆོས་ལུགས་མང་པོ་མཉམ་དུ་གནས་པ་དང་། ཆོས་ལུགས་བྱ་བ་སྒྲུབ་སའི་ཞིང་ཆེན་ཆེན་པོ་ཞིག་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆོས་ལུགས་བྱ་བར་ཐོག་མཐའ་བར་གསུམ་ཀུན་ཏུ་ཧ་ཅང་མཐོང་ཆེན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱས་ཡོད། གསར་དུ་བཟོ་བཅོས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག》གིས་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་བྱེད་པར་བསྲུང་བྱ་གལ་ཆེན་འདོན་སྤྲོད་བྱས་ཡོད་པས། ཆོས་ལུགས་ཚོགས་པ་སོ་སོའི་འགན་ཁུར་བས་སྣེ་ཁྲིད་ནས་སློབ་སྦྱོང་བྱས་ཏེ། དགོངས་དོན་གྱི་ངོ་བོར་སློབ་སྦྱོང་ཟབ་མོ་བྱེད་པ་དང་གོ་བ་ཆ་ཚང་བ་ལེན་དགོས། སྲོལ་ཡིག་དེ་རྩ་འཛིན་དུ་བྱས་ཏེ་རང་གི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་། ཆོས་ལུགས་ལས་བྱེད་མི་སྣ་དང་དད་ལྡན་མང་ཚོགས་ཁྲོད་དུ་དྲིལ་སྒྲོག་བྱ་འགུལ་བཟང་པོར་སྤེལ་ནས། སྲོལ་ཡིག་གི་ནང་དོན་ཚང་མར་ཤེས་སུ་འཇུག་དགོས། སྲོལ་ཡིག་གི་ནང་དོན་དེ་ཆོས་ལུགས་བྱ་འགུལ་ཁྲོད་དུ་འདྲེས་པར་བྱས་ཏེ། ཆོས་ལུགས་ལས་བྱེད་མི་སྣས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པ་ཡོང་བའི་ལམ་དུ་བློ་བརྟན་འགྱུར་མེད་སྒོས་བསྐྱོད་པ། རྒྱལ་ཁྲིམས་དང་སྡོམ་ཁྲིམས་ཀྱི་འབྲེལ་བ་ཡང་དག་པར་ཐག་གཅོད་པ་བཅས་བྱེད་པར་སློབ་སྟོན་བྱས་ཏེ། ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་འགྲིག་མཐུན་བཅས་ལ་ཡར་སྐུལ་བྱེད་དགོས།