མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་ཡིན་པ།

  2021-12-21 11:38:15 

ཟླ12པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ནས་ཤེས་གསལ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་བཟོ་འཕྲིན་ཐིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“དཔལ་འབྱོར་གྱི་རྣམ་པ་བཞི”ཡིས་ཐོན་ལས་སྒྲིག་གཞི་སྒྱུར་བར་སྣེ་ཁྲིད་པའི་སྤྱིའི་བླང་བྱ་ལྟར། ཞིང་ཆེན་གྲངས་འཛིན་དཔལ་འབྱོར་མཐུན་སྦྱོར་སྐུལ་འདེད་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་སྣེ་ཁྲིད་མཐུན་སྦྱོར་གྱི་ནུས་པ་ངེས་པ་དོན་གྱིས་འདོན་སྤེལ་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ས་གནས་དང་ལྷན་ཅིག རྩེ་རིམ་ཇུས་འགོད་དང་། སྲིད་ཇུས་འགན་སྲུང་། རྨང་གཞི་སྒྲིག་ཆས། ཐོན་ལས་གསོ་སྐྱོང་སོགས་ཕྱོགས་མང་པོ་ནས་མཐུན་སྦྱོར་ཤུགས་འདོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་དཔལ་དབྱོར་མགྱོགས་མྱུར་གྱིས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། 2021ལོའི་ཟླ9པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་དྲ་ལམ་ནས་སིལ་ཚོང་སྡོམ་གྲངས་སྒོར་དུང་ཕྱུར136.9ལ་སླེབས་ཤིང་། ལོ་སྔ་མའི་དུས་མཚུངས་དང་བསྡུར་ན92.6%འཕར་ཡོད། གཞི་ཁྱོན་གོང་གི་རྩིས་འཕྲུལ་འཕྲིན་སྐྱེལ་དང་གློག་རྡུལ་སྒྲིག་ཆས་བཟོ་སྐྲུན་ལས་རིགས་གཞན་པའི་ཡོང་འབབ་སྒོར་དུང་ཕྱུར55.3ལ་སླེབས་ཤིང་། ལོ་སྔ་མའི་དུས་མཚུངས་དང་བསྡུར་ན120.7%འཕར་ཡོད། གློག་འཕྲིན་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར47.03ལ་སླེབས་ཤིང་། ལོ་སྔ་མའི་དུས་མཚུངས་དང་བསྡུར་ན12.1%འཕར་ཡོད། 

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་གནས་བབ་ཆེན་པོ་དང་བསྟུན་ཏེ། “གྲངས་འཛིན་ཀྲུང་གོ”འཛུགས་སྐྲུན་གྱི་འཐབ་ཇུས་ཇུས་ཆོད་བཟོས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ། སྟོབས་ཤུགས་ཡོད་དགུས་འཕེལ་རྒྱས་ཀྱི་གོ་སྐབས་སྔོན་ལ་འཕྲོག་པ་དང་། གྲངས་འཛིན་དཔལ་འབྱོར་མགྱོགས་མྱུར་གྱིས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར་དང་ཇུས་འགོད། ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི་སོགས་སྲིད་ཇུས་ཡིག་ཆ་དུས་ལྟར་ཞིབ་འཇུག་བྱས་ནས་སྒོར་བཏོན། གྲངས་འཛིན་ལག་རྩལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྱབ་ཁོངས་སོ་སོ་གཏིང་ཟབ་མོས་འདྲེས་སྦྱོར་བེད་སྤྱོད་ལ་སྐུལ་འདེད་ལྷུར་བླངས་པ། “ལྟེ་བ་གཅིག་དང་རོགས་འདེགས་གསུམ”གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འཛུགས་སྐྲུན་གྱི་འགྲེམ་ཚུལ་ལ་ཤུགས་བཏོན་ནས། “1119”གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད་མ་ལག་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱས། 

སྡོམ་རྩིས་ལྟར་ན། ན་ནིང་མཚོ་སྔོན་ཞིང་ཆེན་གྱི་གྲངས་འཛིན་དཔལ་འབྱོར་གཞི་ཁྱོན་སྒོར་དུར་ཕྱུར739.64ལ་སླེབས་ཤིང་། ལོ་སྔའི་དུས་མཚུངས་དང་བསྡུར་ན8.26%འཕར་བ་དང་། GDPཡི24.61%ཟིན་ཡོད། ཆ་འཕྲིན་འཕྲིན་སྐྱེལ་རྨང་གཞི་སྒྲིག་ཆས་མགྱོགས་མྱུར་གྱིས་འཐུས་ཚང་དུ་བཏང་བ་དང་། ཟི་ལིང་རྒྱལ་སྤྱིའི་མཉམ་འབྲེལ་དྲ་རྒྱའི་གཞི་གྲངས་ཆེད་སྤྱོད་བརྒྱུད་ལམ་ཤར་བགྲོད་ཐུབ་པ། གཞི་རྩའི་ཡུལ་བརྙན་ཞབས་ཞུ་སྒྲིག་ཆས་ཐོག་མ་སྤྱོད་མགོ་བརྩམས་པ། སྤོ་སྒུལ་བརྡ་གཏོང་གློག་ལམ་དྲ་བའི་ཁེབས་རྒྱ་མུ་མཐུད་དུ་མཐོར་བཏེགས་པ། 4Gབརྡ་རྟགས་སྲིད་འཛིན་སྡེ་བ་ཡན་ལ་ཁྱོན་ཡོངས་སུ་ཁེབས་པར་མངོན་འགྱུར་བྱུང་བ། 5Gའཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་བ། ད་ལོའི་ཟླ9པའི་ཟླ་མཇུག་བར། 5Gརྨང་གཞི་ས་ཚིགས4679བསྐྲུན་ཚར་བ། ཞིང་ཆེན་ཡོངས་ཀྱི་རྫོང་ཁུལ་གྲོང་ཁུལ་གཙོ་བོ45ལ5Gཁེབས་པར་མངོན་འགྱུར་བྱས། སྤོ་སྒུལ་ཡངས་ལམ་གྱི་ཁྱབ་རྒྱ་མི་བརྒྱའི་ཁྲོད115.6ལ་སླེབས་ཤིང་། ལོ་སྔ་མའི་དུས་མཚུངས་དང་བསྡུར་ན21.26%འཕར་ཡོད། གྲངས་འཛིན་ཆེན་མོའི་ཐོན་ལས་འདུས་ཚོགས་ལ་འཕེལ་རྒྱས་ཀྱི་གནས་བབ་མངོན་ལ། ཞིང་ཆེན་ཡོངས་སུ་རིགས་མི་འདྲ་བའི་གྲངས་འཛིན་ཆེན་མོའི་ལྟེ་གནས་སྒྲོམ་གཞི་སྒྲིག་ཆས9900ལྷག་ཡོད་པ་དང་། གཞི་གྲངས་ལྟེ་གནས་སྒྲོམ་གཞི་སྒྲིག་ཆས་སྐྲུན་བཞིན་པ་ཁྲི1ལས་བརྒལ་ཡོད། བཟོ་ལས་མཉམ་འབྲེལ་དྲ་རྒྱའི་རྟགས་མཚན་དབྱེ་ཞིབ་འགྲེལ་བཤད་ཕྱོགས་བསྡུས་རྣམ་པའི་རིམ་པ་གཉིས་པའི་མཚམས་ཚིགས་སྤྱོད་མགོ་བརྩམས་པ་དང་། ཚྭ་མཚོ་བཟོ་ལས་མཉམ་འབྲེལ་དྲ་རྒྱའི་སྤྱི་སྟེགས་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱས་པ། ནུས་ཁུངས་གསར་པའི་གྲངས་འཛིན་ཆེན་མོའི་སྤྱི་སྟེགས་འཛུགས་སྐྲུན་ཐོན་སྐྱེད་འཁོར་སྐྱོད་བྱས་པ། ཅན་གཉིས་འདྲེས་སྦྱོར་ཆུ་ཚད་མུ་མཐུད་དུ་མཐོར་བཏེགས་པ། གྲངས་འཛིན་དཔལ་འབྱོར་གྱིས་དམངས་འཚོ་ལ་ཕན་བདེ་སྐྲུན་པའི་ནུས་པ་མུ་མཐུད་དུ་འབུར་ཐོན་ཡིན་པ་རེད། །


རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།