མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་སྤྱི་བདེ་ཐིན་གཉིས་ཀྱིས་ཉེ་སྔོན་མཉམ་འབྲེལ་སྒོས2021ལོའི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆེས་མཛེས་པའི་གཞི་རིམ་ཉེན་རྟོག་པ་ངོ་སྤྲོད་བྱེད་པ་རྩ་འཛུགས་བྱེད་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། སྤྱི་ཚོགས་ཡོངས་ནས2021ལོའི་ཆེས་མཛེས་པའི་གཞི་རིམ་ཉེན་རྟོག་པའི་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་རྒྱ་ཆེར་སྤེལ་བར་བཀོད་སྒྲིག་བྱས།
བརྡ་སྦྱོར་ལས། ཐེངས་འདིའི་བྱ་འགུལ་གྱི་བརྗོད་དོན་ཐད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདུན་གཅིག་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་བའི་སྤྱི་བདེ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན། ཁ་ཏ་བསླབ་བྱ་གལ་ཆེན་གྱི་དགོངས་དོན་བཅས་ལག་ལེན་མཐར་ཕྱིན་བྱེད་པ། སྤྱི་བདེའི་བློ་སེམས་ཏང་ལ་ཕྱོགས་པ་དང་འཐབ་ལམ་གསར་བར་འབད་འཐབ་མདུན་སྐྱོད་བྱེད་པའི་བརྗོད་དོན་འབུར་དུ་ཐོན་པར་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྤྱི་བདེ་དཔུང་སྡེའི་སློབ་གསོ་དག་ཐེར་ལ་ཟུང་འབྲེལ་དམ་པོ་བྱེད་པ་བཅས་བྱས་ནས། ཆེས་མཛེས་པའི་གཞི་རིམ་ཉེན་རྟོག་པའི་སློབ་སྦྱོང་དྲིལ་སྒྲོག་བྱ་འགུལ་སྤེལ་བ་བརྒྱུད་དེ། ༢༠༢༡ལོར་ཉེན་ཁ་འགོག་སྲུང་དང་རིམས་ནད་འགོག་རྒོལ། བདེ་འཇགས་དང་གཏན་འཇགས་སྲུང་སྐྱོབ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་གནས་དང་། ལྷག་པར་དུ་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཐད་ཀྱི་བདེ་འཇགས་འགན་སྲུང་དང་གཏན་འཇགས་སྲུང་སྐྱོབ་དང་བདག་གིས་མང་ཚོགས་ལ་དོན་དངོས་བསྒྲུབ་པའི་ལག་ལེན་བྱ་འགུལ་བཅས་ཁྲོད་བྱུང་བའི་གཞི་རིམ་ཉེན་རྟོག་པའི་སྔོན་ཐོན་དཔེ་ལེགས་ཅན་སྐོར་ཞིག་བདམས་ནས་དྲིལ་སྒྲོག་བྱས་ནས། རྒྱ་ཆེའི་སྤྱི་བདེ་ཉེན་རྟོག་པ་དང་ཉེན་རྟོག་ལག་རོགས་པས་སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་ལ་བརྩི་བཀུར། སྔོན་ཐོན་བརྩོན་ལེན་བྱེད་པ་དང་། ཏང་ལ་བློ་དཀར་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་དྲང་གཞག སྒྲིག་ལམ་དམ་པོ་བྱེད་པའི་སྤྱིའི་རེ་བ་དོན་འཁྱོལ་ནན་མོ་བྱེད་པ། དུས་རབས་གསར་བའི་འགན་འཁྲི་ལས་འགན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། འཐབ་ལམ་གསར་བར་འབད་འཐབ་མདུན་སྐྱོད་བྱེད་པའི་ཁྲོད་བྱས་རྗེས་བཞག་སྟེ། ཏང་དང་མི་དམངས་ལ་གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་པ། སྤྱི་ཚོགས་ཡོངས་སུ་སྤྱི་བདེ་བྱ་བར་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་པ། འཐབ་ལམ་གསར་བར་འབད་འཐབ་མདུན་སྐྱོད་བྱེད་པའི་དུས་རབས་ཀྱི་དབྱངས་རྟ་གཙོ་བོ་སྒྲོག་པར་སྐུལ་སློང་གཏོང་དགོས་ཞེས་གཏན་ཁེལ་བྱས་ཡོད།
བརྡ་སྦྱོར་ལས། རིམ་པ་སོ་སོའི་ཏང་ཨུའི་དྲིལ་སྒྲོག་སྡེ་ཁགདང་སྤྱི་བདེ་ལས་ཁུངས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འཆར་འགོད་བཀོད་སྒྲིག་ཞིབ་མོ་བྱེད་པ་དང་། རྩ་འཛུགས་ལག་བསྟར་ནན་མོ་བྱས་ཏེ། བྱ་བ་སྣ་ཚོགས་བརྟན་བརླིང་ངང་སྤེལ་ནས། བྱ་འགུལ་ཤུགས་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་དགོས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། བྱ་འགུལ་གྱི་ཇུས་གཞི་ཇེ་ཞིབ་ཏུ་གཏོང་བ། བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ནས། མཉམ་དུ་བྱ་འགུལ་སྤུས་ཚད་མཐོ་བའི་སྒོ་ནས་སྤེལ་བ་དང་གྲུབ་འབྲས་ལེན་ཐུབ་པ་བྱེད་དགོས། གནས་བབ་གསར་བའི་འོག་གི་དཔེ་མཚོན་དྲིལ་སྒྲོག་ནང་དུ་འདུ་བའི་ཆོས་ཉིད་ལ་ཞིབ་འཇུག་དང་འཚོལ་ཞིབ་བྱེད་པ་དང་། མང་ཚོགས་ཀྱིས་བལྟ་འདོད་ཅིང་ཉན་སྤྲོ་བའི་འདྲེན་བྱེད་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱེད་པ། བྱ་འགུལ་གྱི་འདུ་ཤེས་དང་ནང་དོན། གསར་གཏོད་བྱེད་ཐབས་དྲིལ་སྒྲོག་བྱེད་པ། དྲིལ་སྒྲོག་འགྲེམ་སྟོན་དེ་སློབ་སྦྱོང་དྲིལ་སྒྲོག་གི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ། མི་དམངས་མང་ཚོགས་བར་གྱི་བརྗེ་རེས་ཇེ་དྲག་ཏུ་གཏོང་བ། བྱ་འགུལ་གྱི་འགུག་ཤུགས་ཇེ་ཆེར་བཏང་ནས། ཚད་གཞི་ཆེས་ཆེ་བའི་སྒོ་ནས་སྔོན་ཐོན་དཔེ་ལེགས་ཅན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་པའི་རེ་བ་བཏོན།
བརྡ་སྦྱོར་ལས་བཀོད་སྒྲིག་བྱས་པ་ལྟར། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་སྤྱི་བདེ་ཐིན་གཉིས་ཀྱིས་ས་ཆ་སོ་སོའི་ངོ་སྤྲོད་དང་སྤྱི་ཚོགས་ཀྱི་ཁས་ལེན། ཆེད་མཁས་པའི་དཔྱད་འཇོག་ཞིབ་དཔྱད་སོགས་གནས་ཚུལ་ལ་གཞིགས་ནས། ཆེས་མཛེས་པའི་གཞི་རིམ་ཉེན་རྟོག་པ་འདེམ་གསེས་གཏན་ཁེལ་བྱེད་རྒྱུ་ཡིན་པ་དང་། ༢༠༢༢ལོའི་ཀྲུང་གོ་མི་དམངས་ཉེན་རྟོག་དུས་ཆེན་སྐབས་སུ་སྤྱི་ཚོགས་ཡོངས་ལ་ཁྱབ་སྒྲོག་བྱེད་རྒྱུ་རེད།