མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རིམས་འགོག་ལ་འགལ་རྐྱེན་བཟོ་མཁན་ཟི་ལིང་མཁར་ཤར་ཁུལ་གྱི་སྐྱེས་པ་ཞིག་ལ་ཁྲིམས་ལྟར་ཆད་པ་བརྒྱབ་འདུག

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།  2021-10-29 16:39:25 

རིམས་ནད་འགོག་ཟོན་བྱ་རྒྱུར་མི་རེ་རེར་འགན་འཁྲི་ཡོད། རིམས་ནད་འགོག་ཟོན་བྱ་བ་བདེ་བླག་ངང་སྤེལ་རྒྱུར་འགན་སྲུང་དང་ནུས་ཤུགས་གང་ཡོད་སྒོས་མངའ་ཁོངས་སྤྱི་ཚོགས་བདེ་སྲུང་བརྟན་འཇགས་ལ་འགེབས་སྲུང་བྱ་ཆེད། ཟླ10པའི་ཚེས28ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་ཤར་སྤྱི་བདེ་ཡན་ལག་ཅུའུ་བརྒྱད་གཅིག་ལམ་མངགས་གཏོང་ཁང་གིས་བྲེལ་བསྟུན་གནས་བབ་འོག་ཐག་གཅོད་ལག་བསྟར་མི་བྱེད་པ་དང་། རིམས་ནད་འགོག་ཟོན་སྐབས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་བཏང་སྟེ། རིམས་ནད་འགོག་ཟོན་འགོག་རྒོལ་འཐབ་ཇུས་ལ་ཁྲིམས་བསྟུན་རྒྱལ་ཁ་ལེན་རྒྱུར་འགན་སྲུང་ནན་མོ་བྱས།

གྱོད་དོན་ལ་ཕྱིར་ལྟ་བྱེད་པ།

2021ལོའི་ཟླ10པའི་ཚེས28ཉིན་གྱི་ཆུ་ཚོད11ཡས་མས་སྟེང་། མཁར་ཤར་སྤྱི་བདེ་ཡན་ལག་ཅུའུ་བརྒྱད་གཅིག་ལམ་མངགས་གཏོང་ལ་སྙན་ཞུ་འབྱོར་སྟེ་མངའ་ཁོངས་དེའི་གཞིས་ཁུལ་ག་གེ་མོའི་སྒོ་ཁའི་རིམས་ནད་འགོག་ཟོན་ཚོད་འཛིན་ས་ཚུགས་སུ་མི་ཞིག་གིས་རིམས་ནད་འགོག་ཟོན་ཚོད་དཔག་བྱེད་ཐབས་ལ་གཏན་ནས་རམ་འདེགས་མི་བྱེད་པ་མ་ཟད། གཞིས་ཁུལ་ལས་བྱེད་མི་སྣའི་བར་ལ་འགལ་བ་བྱུང་། གྱོད་དོན་སྙན་གསེང་འབྱོར་རྗེས་མངགས་གཏོང་ཁང་གིས་མྱུར་དུ་མི་དམངས་ཉེན་རྟོག་པ་ཡུལ་དངོས་སུ་མངགས། རྩད་གཅོད་བྱས་པ་བརྒྱུད། བརྒྱད་གཅིག་ལམ་གྱི་གཞིས་ཁུལ་ག་གེ་མོའི་རིམས་ནད་འགོག་ཟོན་ཚོད་འཛིན་བྱ་བའི་མི་སྣ་དག་གིས་ཕྱི་ནང་འགྲོ་འོང་བྱེད་པའི་མི་སྣ་དག་ལ་ཐོ་འགོད་ཞིབ་བཤེར་ནན་མོ་བྱེད་སྐབས། གཞིས་ཁུལ་གང་དེའི་སྡོད་དམངས་ཅིན་ཆེ་གེ་མོས་ཁ་ཐུམ་བརྒྱབ་མེད་པ་ལ་ལས་བྱེད་མི་སྣ་དག་གིས་གསལ་འདེབས་བྱས་ཏེ་ཁ་ཐུམ་རྒྱག་དགོས་པ་མ་ཟད་བཤེར་རིས་བཤེར་རྗེས་ད་བཟོད་ནང་ལ་སོང་ཆོག་པའི་རེ་འདུན་བཏོན། འོན་ཀྱང་གསལ་འདེབས་དང་མཛུབ་སྟོན་ཇི་ལྟར་བྱས་ན་ཡང་ཅིན་ཆེ་གེ་མོས་གཏན་ནས་རམ་འདེགས་མི་བྱེད་པ་མ་ཟད། ལས་བྱེད་མི་སྣ་དག་ལ་དམའ་འབེབས་བྱས་ཏེ་རྣམ་འགྱུར་མི་ལེགས་པ་བསྟན། དེའི་མི་ཚད་ཐོ་འགོད་ཅི་ཡང་མ་བྱས་པའི་གནས་ཚུལ་འོག་བཙན་གྱིས་རང་ཁྱིམ་ལ་སོང་པ་རེད།

ད་ལྟ། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁྲིམས་འགལ་བྱ་སྤྱོད་ཅན་གྱི་ཅིན་ཆེ་གེ་མོ་སྤྱི་བདེ་ཅུའུ་ལས་ཁུངས་སུ་ཁྲིད་འོངས་སྟེ་འདྲི་གཅོད་བྱེད་བཞིན་ཡོད་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་ལྔ་བཅུ་པའི་དོན་ཚན་དང་པོའི་རིམ་པ་དང་པོའི་གཏན་འབེབས་གཞིར་བཟུང་སྟེ། ཁྲིམས་ལྟར་ཅིན་ཆེ་གེ་མོ་སྲིད་དོན་བཀག་ཉར་བྱས།

མཁར་ཤར་སྤྱི་བདེ་ཡིས་ཐོག་མཐའ་བར་གསུམ་དུ་བཟོད་སྒོམ་ཅི་ཡང་མེད་པའི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ཤིང་། རིགས་མི་འདྲ་པའི་རིམས་ནད་འགོག་ཟོན་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཁྲིམས་ཆད་ནན་མོ་བཅད་དེ་གུ་ཡངས་ལ་གཏན་ནས་མ་བཏང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་དོན་ཚན་ལྔ་བཅུ་པའི་དོན་ཚན་དང་པོའི་རིམ་པ་དང་པོའི་གཏན་འབེབས་གཞིར་བཟུང་སྟེ། མི་དམངས་སྲིད་གཞུང་གིས་བྲེལ་མྱུར་གནས་བབ་འོག་ཁྲིམས་ལྟར་ཁྱབ་སྒྲོག་བྱས་པའི་ཐག་གཅོད་དང་བཀའ་རྒྱ་གཏན་ནས་ལག་བསྟར་མི་བྱེད་མཁན་ལ་ཉེན་རྟོག་ཕྱོགས་ཀྱིས་སྲིད་དོན་ཁྲིམས་ཆད་བཅད་པ་མ་ཟད། ནད་དུག་ཁྱབ་སྤེལ་དང་ཁྱབ་སྤེལ་ཐད་ལ་ཉེན་ཁ་ཚབས་ཆེན་བཟོ་མཁན་ལ་ཁྲིམས་ལྟར་ཉེས་དོན་བདའ་འདེད་དང་ཉེས་ཁྲིམས་ཀྱི་འགན་འཁུར་དགོས།

སྤྱི་ཚོགས་ལས་རིགས་སོ་སོའི་སེམས་པ་རྩེ་གཅིག་གིས་རིམས་ནད་འགོག་ཟོན་སྐབས་ཀྱི་སྤྱི་ཚོགས་སྤྱི་གཞུང་འགྲོ་ལུགས་ལ་འགེབས་སྲུང་ནན་མོ་བྱས་ཏེ། རིམས་ནད་འགོག་ཟོན་ཚོད་འཛིན་གྱི་འཕྲལ་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་མཐའ་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་ལུས་པོའི་བདེ་ཐང་ལ་ནུས་ཤུགས་གང་ཡོད་ཀྱིས་འགེབས་སྲུང་བྱ་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ཀྱི་ཁུངས་སྣེ་ཡར་ཞུ་བྱེད་ན་ཨང་གྲངས110ལ་ཁ་པར་གཏོང་དགོས།


རྩོམ་སྒྲིག་པ། ཡོས་བུ།