མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པས་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་བསྡུས།

བན་དེ་སྐྱབས་ཀྱིས་བསྒྱུར།  2021-10-25 16:22:14 

ཟླ10པའི་ཚེས22ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གཅིག་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཚན་ཆུང་མཉམ་འབྲེལ་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་སྲ་གཟུགས་སྙིགས་རོས་ཁོར་ཡུག་ལ་འབག་བཙོག་བཟོ་བའི་སྣང་ཚུལ་ཅི་རིགས་དང་འབྲེལ་བའི་འགོག་བཅོས་བཅའ་ཁྲིམས་ལག་ལེན་བསྟར་བའི་གནས་ཚུལལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པར་མ་ཟད། ཆེད་དོན་འདྲི་རྩད་བྱས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཚོགས་འདུར་ཞུགས་ནས་གཏམ་བཤད།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་སྲ་གཟུགས་སྙིགས་རོའི་འབག་བཙོག་འགོག་བཅོས་ལས་དོན་ལ་འཕེལ་རྒྱས་གང་འཚམ་བྱུང་ཡོད་ནའང་། དེར་འཕྲད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ལྡན། སྲ་གཟུགས་སྙིགས་རོས་ཁོར་ཡུག་འབག་བཙོག་དུ་སྒྱུར་བཞིན་པ་འགོག་བཅོས་བྱེད་པའི་སྐོར་གྱི་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་གཏིང་ཟབ་བྱེད་པར། གཅིག་ནས་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་གྲངས་འབོར་ཉུང་འཕྲི་དང་། ཐོན་ཁུངས་ཅན་དུ་བསྒྱུར་བ། གནོད་མེད་ཅན་བཅས་ཀྱི་རྩ་དོན་འགོག་བཅོས་བྱ་བ་དེ་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ཁྱབ་པར་བྱེད་དགོས། གཉིས་ནས་ལམ་ལུགས་དང་བྱེད་ཐབས་གསར་པ་དོན་འཁྱོལ་བྱ་རྒྱུ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས། བཅའ་ཁྲིམས་ཀྱི་མཚོན་ཆ་སྤྱད་དེ་སྲ་གཟུགས་སྙིགས་རོའི་འབག་བཙོག་འགོག་བཅོས་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། གསུམ་ནས་རིམ་པ་སོ་སོའི་བཅའ་ཁྲིམས་འགན་འཁྲི་ཇེ་དམ་དུ་བཏང་ནས། སྲིད་གཞུང་དང་ཁེ་ལས། སྤྱི་དམངས་བཅས་ཀྱིས་མཉམ་དུ་བཅོས་སྐྱོང་བྱེད་པའི་ལྷད་མེད་བྱ་སྤྱོད་མ་ལག་མགྱོགས་མྱུར་ངང་ཆགས་པར་བྱེད་དགོས། བཞི་ནས་ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་བསྣན་ནས། སྲ་གཟུགས་སྙིགས་རོ་ཅི་ཡོད་ཐག་གཅོད་བྱེད་པའི་ཐོན་ལས་ཆེད་ལས་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་གི་ལམ་ནས་སྲ་གཟུགས་སྙིགས་རོའི་འབག་བཙོག་འགོག་བཅོས་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཆད་མེད་དུ་གཏོང་དགོས།

ཝང་ཡུང་གིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ད་ཐེངས་ཀྱི་ཁྲིམས་འཛིན་ཞིབ་བཤེར་གོ་སྐབས་སུ་བཟུང་སྟེ། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་ཞན་ཆ་དུས་ལྟར་གསབ་ནས། སྲ་གཟུགས་སྙིགས་རོའི་འབག་བཙོག་གི་ཕྱོགས་བསྡུས་བཅོས་སྐྱོང་ཆུ་ཚད་སྔར་ལས་མཐོ་རུ་བཏང་མཐར། འབག་བཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་གི་མཐུན་སྦྱོར་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

ཨུ་ཡོན་ཀྲང་གཞོན་པ་ཏིན་ཀྲུང་ལིས་ཀྱིས་ཚོགས་འདུར་མགོ་འཛིན་བྱས།


རྩོམ་སྒྲིག་པ། ཡོས་བུ།