མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ནན་ཧེ་ནས་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་བའི་མཛད་སྒོ་བསྡུས་པ།

  2021-03-18 18:35:51 

ཟླ3པའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ནན་ཧེ་ནས་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་བའི་མཛད་སྒོ་བསྡུས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དམ་བཅའ་བར་ལྟ་རྟོག་བྱས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་ལས་ཁུངས་སོ་སོས་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་བྱེད་མི་སྣའི་རྩ་ཁྲིམས་དམ་བཅའི་རྩ་འཛུགས་བྱེད་ཐབས་གཞིར་བཟུང་སྟེ། 2020ལོའི་ཟླ9པ་ནས2021ལོའི་ཟླ3པའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་གཞག་བྱས་པའི་སྡེ་ཁག29དང་ལས་ཁུངས36གི་འགན་འཁུར་བས་ཁྲིམས་ལྟར་རྩ་ཁྲིམས་ཀྱི་མདུན་དུ་དམ་བཅའ་བཞག

ཉིན་དེའི་སྔ་དྲོའི་ཆུ་ཚོད11སྟེང་། རྒྱལ་སྲིད་ཨུ་ཡོན་ཞོར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་འཁུར་མཁན་ཞོ་ཅེ་ཡིས་རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་བའི་མཛད་སྒོ་མགོ་བརྩམས་པ་ཁྱབ་སྒྲོག་བྱས་ཤིང་། ཚང་མ་ཡར་ལངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེར་མཐུད་ནས་དམ་བཅའ་འཇོག་མཁན་རྣམས་ཀྱིས་དམ་བཅའ་བཞག དམ་བཅའ་བཞག་རྗེས་ལིས་ཁི་ཆང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྩ་ཁྲིམས་ལྟར་ཇུས་གཞི་ལག་བསྟར་བྱེད་པ་དང་བཅའ་ཁྲིམས་ལྟར་སྲིད་འཛིན་དགོས་པའི་རེ་བ་བཏོན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་དང་སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། རྒྱལ་སྲིད་ཨུ་ཡོན་ཝེ་ཧྥིན་ཧི་དང་ཝང་ཡུང་། ཝང་དབྱི། ཀྲའོ་ཁི་ཀྲི། དེ་མིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་སོགས་མཛད་སྒོར་ཞུགས།


རྩོམ་སྒྲིག་པ། 南夸才让