ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་དམག་དཔུང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་གཏན་འཁེལ་འགྲེམ་སྤེལ་བྱས།
ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་དམག་དཔུང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་གཏན་འཁེལ་འགྲེམ་སྤེལ་བྱས་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་བའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། གཏན་འཁེལ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་དངོས་འབེབས་བྱེད་པ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་བཟང་བོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཁྱོན་ཡོངས་ནས་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པར་མ་ཟད། དམག་འཐབ་གྲ་སྒྲིག་གཅིག་སྡུད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། དམག་དཔུང་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཞིང་གོ་རིམ་ལྡན་པའི་སྒོ་ནས་དམག་དཔུང་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་བྱ་བ་ཚད་ལྡན་དུ་གཏོང་རྒྱུ་ཐག་བཅད་ཡོད། གཏན་འཁེལ་ལ་བསྡོམས་པས་ལེའུ་བདུན་དང་དོན་ཚན་ཞེ་བཞི་ཡོད་ལ། དེའི་ནང་དུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་སྒྲིག་སྲོལ་དང་འགན་འཁྲིའི་ལས་འགན། གྲོས་དོན་དང་ཆོད་དོན། བྱ་བའི་ལམ་ལུགས། སྒྲིག་ལམ་དང་འགན་འཁྲི་སོགས་ཕྱོགས་ཀྱི་ནང་དོན་འདུས་ཡོད། གཏན་འཁེལ་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དེ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམག་དཔུང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དང་ལག་བསྟར་བྱེད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་ཆེད་འགན་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བློ་བརྟན་འགྱུར་མེད་སྒོས་དམག་དཔུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།