མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཨུ་ཡོན་ཏུའུ་ཏི་ཀྲི་ཡིས་མཚོ་སྔོན་ཞིང་ཆེན་སོགས་ནུབ་ཕྱོགས་དར་རྒྱས་མིན་པའི་ས་ཁུལ་གྱི་ཡོན་ཧྲི་ཆེད་མཁས་པའི་བྱ་བའི་ས་ཚིགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་གྲོས་གཞི་བཏོན།

  2021-03-05 15:51:44  ཁྲིམས་ལུགས་ཚགས་པར།

ཨུ་ཡོན་ཏུའུ་ཏི་ཀྲི་ཡིས་མཚོ་སྔོན་ཞིང་ཆེན་སོགས་ནུབ་ཕྱོགས་དར་རྒྱས་མིན་པའི་ས་ཁུལ་གྱི་ཡོན་ཧྲི་ཆེད་མཁས་པའི་བྱ་བའི་ས་ཚིགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་གྲོས་གཞི་བཏོན། 

   ཚན་རྩལ་ཉམས་ཞན་ཡིན་པའི་ནུབ་ཕྱོགས་ས་ཁུལ་གྱི་ཞིང་ཆེན་ལ་མཚོན་ན། ཡོན་ཧྲི་ཆེད་མཁས་པའི་བྱ་བའི་ས་ཚིགས་ནི་ནུབ་ཕྱོགས་ས་ཁུལ་གྱིས་མཐོ་གསར་ཚན་རྩལ་གསར་གཏོད་ཀྱི་འཇོན་མི་ནང་འདྲེན་བྱེད་པ་དང་། རིམ་པ་དང་པོའི་ཚན་རིག་ཞིབ་འཇུག་ཚོགས་པ་རྩ་འཛུགས་བྱེད་པ། མདུན་གྲལ་གྱི་ཚན་རྩལ་ལག་ལེན་དུ་བསྟར་བ། མཐོ་གསར་ཚན་རྩལ་གསར་གཏོད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་ཐབས་ལམ་གཙོ་བོ་ཡིན་པ་དང་། ནུབ་ཕྱོགས་ས་ཁུལ་གྱིས་མྱུར་མཁོའི་མཐོ་རིམ་འཇོན་མི་སྐྱེད་སྲིང་བྱེད་ས་ལྟ་བུ་ཡིན་པས། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཏུའུ་ཏི་ཀྲི་ཡིས་མཚོ་སྔོན་ཞིང་ཆེན་སོགས་ནུབ་ཕྱོགས་དར་རྒྱས་མིན་པའི་ས་ཁུལ་གྱི་ཡོན་ཧྲི་ཆེད་མཁས་པའི་བྱ་བའི་ས་ཚིགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་སོགས་ནུབ་ཕྱོགས་དར་རྒྱས་མིན་པའི་ས་ཁུལ་དུ་མ་གཞི་ནས་ས་གནས་རང་གི་ཡོན་ཧྲིའི་ཐོན་ཁུངས་ཧ་ཅང་དཀོན་པ་དང་། མིག་སྔར་མཚོ་སྔོན་ཞིང་ཆེན་དུ་ཡོན་ཧྲི་གཅིག་ལས་མེད། དེའི་ཁར་རང་བྱུང་ཆ་རྐྱེན་དང་འཕེལ་རྒྱས་ཁོར་ཡུག་སོགས་དངོས་ཡོད་ཆ་རྐྱེན་གྱི་ཚད་བཀག་ལས་ཡོན་ཧྲི་ནང་འདྲེན་བྱ་བ་དེ་ཤར་ཕྱོགས་ས་ཁུལ་དང་བསྡུར་ན་ཅུང་ཉམས་ཞན་དུ་མངོན། ད་ཡོད་ཀྱི་རྒྱལ་ཁབ་སྲིད་ཇུས་ཀྱི་འབྲེལ་ཡོད་རེ་བ་ལས་ནུབ་ཕྱོགས་དར་རྒྱས་མིན་པའི་ས་ཁུལ་གྱིས་ཡོན་ཧྲི་ཆེད་མཁས་འཇོན་མི་ནང་འགུག་བྱེད་པའི་བྱ་བ་དེ་འགྲན་རྩོད་ཆེན་པོར་འཕྲད་དུ་བཅུག་ཡོད་ཟེར། དེ་བས་ཏུའུ་ཏི་ཀྲི་ཡིས་རྒྱལ་ཁབ་ཀྱིས་ས་ཁུལ་མི་འདྲ་བའི་དོན་དངོས་ལ་དམིགས་ཏེ་ཡུལ་བབ་དང་བསྟུན་ནས་རིགས་དགར་ཏེ་མཛུབ་སྟོན་བྱེད་པ་དང་། དར་རྒྱས་མིན་པའི་ས་ཁུལ་དང་ཁྱད་པར་དུ་མཚོ་བོད་མཐོ་སྒང་ས་ཁུལ་གྱི་འབྲེལ་ཡོད་སྲིད་ཇུས་ཆ་རྐྱེན་འོས་འཚམ་གྱིས་ལྷོད་ཡངས་སུ་གཏོང་དགོས་ལ། གཙོ་བོར་ཕྱོགས་ནས་གནད་སར་རྒྱབ་སྐྱོར་བྱེད་དགོས། སྐུལ་མ་གཏོང་བའི་སྲིད་ཇུས་ལ་གཞོལ་ནས་རྒྱལ་ཁབ་རིམ་པ་ནས་སྐུལ་མའི་སྲིད་ཇུས་བཏོན་ཏེ། ཡོན་ཧྲི་ཆེད་མཁས་པས་མཚོ་སྔོན་སོགས་ནུབ་ཕྱོགས་དར་རྒྱས་མིན་པའི་ཞིང་ཆེན་ནས་བྱ་བའི་ས་ཚིགས་འཛུགས་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས་པ་དང་། ས་ཚིགས་ཀྱི་འཛུགས་སྐྲུན་ཁ་གྲངས་ཐད་གཟིགས་སྐྱོང་བྱས་ནས། ཡོན་ཧྲི་ཡིས་མཚོ་སྔོན་སོགས་ནུབ་ཕྱོགས་དར་རྒྱས་མིན་པའི་ས་ཁུལ་ནས་བྱ་བའི་ས་ཚིགས་འཛུགས་པ་དེ་རྒྱལ་ཁབ་ཀྱིས་རེ་བ་བཏོན་པའི་ཁ་གྲངས་ཚད་བཀག་ཏུ་འགོད་མི་རུང་། བྱ་བའི་དུས་ཚོད་ཐད་ནས་ལྷོད་ཡངས་སུ་བཏང་སྟེ་ཡོན་ཧྲི་ཆེད་མཁས་པ་སྐོར་ཞིག་གི་ལུས་ཕུང་ཆ་རྐྱེན་དེ་དུས་ཡུན་རིང་བོར་མཐོ་སྒང་ས་ཁུལ་ནས་བྱ་བ་བྱེད་པར་མི་འཚམ་པའི་དངོས་ཡོད་གནད་དོན་ལ་རྐང་བཙུགས་ཏེ། ཡོན་ཧྲི་ཡིས་མཚོ་སྔོན་སོགས་མཐོ་སྒང་ས་ཁུལ་གྱི་བྱ་བའི་དུས་ཡུན་དེ་བྱ་བའི་ས་ཚིགས་རེ་རེའི་བྱ་བའི་དུས་ཡུན་ལོ་རེར་ཟླ་ངོ་གཅིག་ལས་མི་ཉུང་བ་བྱེད་དགོས་ཟེར། 


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།