མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་མཛེས་པའི་གྲོང་གསེབ་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་གཞི་བཏོན།

  2021-03-05 15:51:38  ཁྲིམས་ལུགས་ཚགས་པར།

ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་མཛེས་པའི་གྲོང་གསེབ་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་གཞི་བཏོན།

  པུའུ་དང་ཞིང་ཆེན་གྱི་མཉམ་དུ་མཐོ་སྒང་གི་མཛེས་པའི་གྲོང་གསེབ་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱིས་མཚོ་སྔོན་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་བསྣན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་དེ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད་ཁྲོད་བཞག་སྟེ། མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་དགེ་མཚན་གསར་བ་བསྐྲུན་པའི་ཐད་ཀྱི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས་སྟོབས་ཤུགས་ཡོད་རྒུས་ལག་བསྟར་བྱས། དེར་བརྟེན། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་གྲོས་གཞི་སྤྲད་དེ། མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་མཛེས་པའི་གྲོང་གསེབ་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱིས་མཐོ་སྒང་གི་མཛེས་པའི་གྲོང་གསེབ་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱས་པའི་ལོ་གཅིག་ནང་། གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་དམ་དུ་དམིགས་ནས། པུའུ་དང་ཞིང་ཆེན་གྱི་མཉམ་འཛུགས་གྲོས་མཐུན་ལྟར། བྱ་བ་སྣ་ཚོགས་ལ་སྐུལ་འདེད་བཏང་བས། ཐོག་མའི་གྲུབ་འབྲས་བླངས། གོ་རིམ་རྗེས་མར། མཚོ་སྔོན་གྱིས་འཛུགས་སྐྲུན་ཁྲོད་གནས་པའི་གྲུབ་ཚུལ་མི་ལེགས་པ་དང་ཆུ་ཚད་མི་མཐོ་བ། ནུས་རིམ་ཞན་པ། ཁྱད་ཆོས་མེད་པ་སོགས་གནད་དོན་ལ་ལེགས་བསྒྱུར་མཐོར་འདེགས་བཏང་ནས། གྲོང་གསེབ་ལྗང་མདོག་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།རྡོ་རྗེ་རབ་བརྟན་གྱིས། ཟི་ལིང་གྲོང་ཁྱེར་གྱིས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་རྨང་གཞི་རུ་བྱེད་པའི་རྒྱལ་ཁབ་རིམ་པའི་ཁུལ་གསར་བ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཚོང་རའི་ཤན་ཤུགས་དང་འགྲན་རྩོད་ནུས་པ་ལྡན་པའི་དམིགས་བསལ་དཔལ་འབྱོར་རྩོལ་ནུས་ཁུལ་གྲུབ་པར་བྱེད་པ། ཟི་ལིང་གྲོང་ཁྱེར་གྱི་གཞུང་ལམ་འགྲིམ་འགྲུལ་ལས་གཞི་བཀོད་སྒྲིག་དང་སྤྱི་གླིང་གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་ཐད་རྒྱབ་སྐྱོར་བྱས་ནས། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་རྩོལ་ནུས་འདོན་སྤེལ་བྱེད་དགོས། མཚོ་ཤར་གྲོང་ཁྱེར་ལན་ཀྲི་རྒྱལ་ཁབ་རིམ་པའི་ཁུལ་གསར་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་འཇོག་པར་རྒྱབ་སྐྱོར་བྱེད་པ་དང་། ལན་ཀྲི་དང་ཟི་ལིང་གྲོང་ཁྱེར་ཚོགས་འཕེལ་རྒྱས་སུ་གཏོང་བའི་འདེགས་སྐྱོར་གལ་ཆེན་འཛུགས་དགོས། ན་གོར་མོ་གྲོང་ཁྱེར་གྱི་ཕྱི་འབྲེལ་འགྲིམ་འགྲུལ་འབྲེལ་འདྲིས་དང་འགྲིམ་འགྲུལ་ལྟེ་གནས་སྦྲེལ་མཐུད་ནུས་པ་མཐོར་འདེགས་གཏོང་བ་མ་ཟད། ན་གོར་མོ་གྲོང་ཁྱེར་གྱིས་རིམ་སྤོར་གྲོང་ཁྱེར་སྲིད་འཛིན་རིམ་པ་ཇེ་མཐོར་གཏོང་བའི་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ། མཚོ་སྔོན་ཞིང་ཆེན་གྱིས་ཐོག་མར་གྲོང་ཁྱེར་གྱི་བརྗེ་སྤོར་བྱ་བ་སྤེལ་བ་དང་། གྲོང་ཁྱེར་གྱི་བར་སྟོང་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ་དང་གྲོང་ཁྱེར་གྱི་སྐྱེ་ཁམས་སླར་གསོ་དང་རྩོལ་ནུས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ། ལོ་རྒྱུས་ཀྱི་རིག་གནས་སྲུང་སྐྱོབ་ལ་ཤུགས་སྣོན་པ། གྲོང་ཁྱེར་གྱི་སྣང་བརྙན་བསྐྲུན་པ་སོགས་ཕྱོགས་ནས་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་སྣ་མང་གི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ས་ཁོངས་རིག་གནས་གཞི་རྒྱུད་རྒྱུན་འཛིན་བྱེད་པ། ཁྱད་ཆོས་མི་གཞུང་གྲོང་གསེབ་དང་ལོ་རྒྱུས་རིག་གནས་གྲོང་ཁྱེར་དང་གྲོང་གསེབ། གྲོང་སྡེ་མིང་གྲགས་ཅན་འཛུགས་སྐྲུན་བྱེད་པ། སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོབ་གསར་སྤེལ་བེད་སྤྱོད་བྱེད་པའི་ཕྱོགས་ནས་རྒྱབ་སྐྱོར་བཅས་བྱེད་དགོས་པའི་གྲོས་གཞི་བཏོན།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།