རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།
ཟླ་གསུམ་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཚོགས་ཐོག་ནས་ཝང་ཅན་ཅུན་མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་རུ་བདམས་པ་དང་། ཞིན་ཁྲང་ཞང་དང་ཀྲང་ཀོང་རོང་གཉིས་ཚོགས་གཙོ་གཞོན་པར་བདམས།
ཚོགས་ཐོག་ཏུ། རང་ཞིང་གི་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་མིང་ཐོའི་འཆར་ཟིན་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་འཆར་ཟིན་ལ་གྲོས་ཞིབ་བྱས་པར་མ་ཟད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་གྲ་སྒྲིག་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུར་འཐད་པ་བྱུང་།ཝང་ཅན་ཅུན་གྱིས་བཤད་རྒྱུར། ད་ལོ་ནི་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ལོ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་ཁྱོན་ཡོངས་ནས་འབྱེད་པའི་ལོ་ཡིན་པ་དང་། དམིགས་བསལ་ལྡན་ཞིང་གྲོས་གཞི་གལ་ཆེན་ཡིན། མཚོ་སྔོན་ཚོགས་པའི་འཐུས་མི་ཡོངས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ས་ཡ་དྲུག་དང་ཁྲི་བརྒྱད་ཀྱི་མངག་བཅོལ་ཁྱེར་ནས་པེ་ཅིན་དུ་རྒྱལ་དོན་གྲོས་ཞིབ་བྱེད་པར་ཡོང་བ་ཡིན་པས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཚོགས་ཆེན་གྱི་རེ་བ་ལྟར། བློ་སེམས་རྩེ་གཅིག་གིས་ཚོགས་འདུ་བཟང་བོར་བསྡུ་བ་དང་། སྙན་ཞུ་སྣ་ཚོགས་ལ་ཉན་སྐབས་བློ་རྩེ་གཅིག་སྒྲིམ་བྱེད་པ་དང། སྙན་ཞུ་སྣ་ཚོགས་ལ་གྲོས་ཞིབ་བྱེད་སྐབས་རང་ཉིད་ཀྱི་བསམ་ཚུལ་ལྷུག་པར་བརྗོད་པ། གྲོས་གཞི་འདོན་སྐབས་གཟབ་ནན་བྱེད་པ། སློབ་སྦྱོང་བརྗེ་རེས་དང་གྲོས་སྡུར་བྱེད་སྐབས་མཐུན་སྒྲིལ་འགྲིག་མཐུན་བྱེད་པ། ཚོགས་ཆེན་ལ་ཞུགས་སྐབས་རང་རྟོགས་སྒོས་སྒྲིག་ལམ་བརྩི་སྲུང་བྱེད་པ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱིས་བསྩལ་བའི་འགན་འཁྲི་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།ཉིན་དེའི་སྔ་དྲོར། མཚོ་སྔོན་འཐུས་ཚབ་ཚོགས་པས་འཐུས་མིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་སྟེང་སྤྲད་པའི་གྲོས་གཞི་བསམ་ཚུལ་ལ་གྲོས་སྡུར་དང་ཞིབ་འཇུག་བྱས།ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་མིན་ཡོང་ཧྲན་གྲོས་ཚོགས་ལ་ཟུར་ཞུགས་བྱས།