མཱ་ཝེ་ཡིས་ལྟ་ཞིབ་དང་ཁྲིམས་འཛིན་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་འབྲེལ་གཏུག་གྲོས་ཚོགས་སྟེང་གཏམ་བཤད།
ཟླ3པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་བྱ་བའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་འབྲེལ་གཏུག་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་ཚོགས་འདུར་ཞུགས་ནས་གཏམ་བཤད།
མཱ་ཝེ་ཡིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་ལྟ་ཞིབ་ཁྲིམས་འཛིན་ལས་དོན་བཟང་བོར་སྒྲུབ་པ་ལ་གཞི་རྩའི་ཆོས་ཉིད་དང་ལག་ལེན་ཁ་ཕྱོགས་བསྟན་ཡོད། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་པས། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་ཇེ་མཐོར་གཏོང་དགོས་ལ། ཚན་རིག་གཞུང་ལུགས་བཀོལ་ནས་ལག་ལེན་ལ་མཛུབ་སྟོན་དང་ཁྲིམས་སྐྱོང་བསམ་གཞིགས་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། ཆབ་སྲིད་ཁོར་ཡུག་བདེ་འཇགས་ཅན་དང་སྤྱི་ཚོགས་ཁོར་ཡུག་བརྟན་འཇགས་ཅན། ཁྲིམས་སྐྱོང་ཁོར་ཡུག་དྲང་བདེན་དྲང་གཞག་ཅན། ཞབས་ཞུའི་ཁོར་ཡུག་ལེགས་པོ་བཅས་བསྐྲུན་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཏན་འབེབས་བཟོས་པའི་ཁྲིམས་སྐྱོང་འཛུགས་སྐྲུན་འོས་འགན་དངོས་འབེབས་དོན་འཁྱོལ་བྱེད་དགོས་ཟེར།