མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་འགོ་ཁྲིད་ཚན་ཁག་གིས་ཀྲུང་དབྱང་སྐོར་ཞིབ་ལེགས་སྒྲིག་གི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པ།

​བན་དེ་སྐྱབས་ཀྱིས་བསྒྱུར།  2021-03-01 15:19:07 

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་འགོ་ཁྲིད་ཚན་ཁག་གིས་ཀྲུང་དབྱང་སྐོར་ཞིབ་ལེགས་སྒྲིག་གི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པ།

ཟླ2པའི་ཚེས27ཉིན་ནས་ཚེས28ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་འགོ་ཁྲིད་ཚན་ཁག་གིས་ཀྲུང་དབྱང་སྐོར་ཞིབ་ལེགས་སྒྲིག་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། དུས་རབས་གསར་པའི་ཏང་འཛུགས་སྤྱིའི་བླང་བྱ་དང་ཏང་གི་རྩ་འཛུགས་ལམ་ཕྱོགས་དངོས་འབེབས་ནན་མོ་བྱས་ཏེ། སྐོར་ཞིབ་ཚུར་ལན་གནད་དོན་གཅིག་བསྡུས་དང་རིམ་པ་རེ་རེ་བྱས་ཏེ་ལྟ་སྡུར་ཞིབ་བཤེར་བྱས་པ། རང་རྟོགས་སྒོས་འགན་འཁྲིར་ངོས་ཟིན་བྱས་པ། གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བྱས་པ། སྐྱོན་ཆ་ཐེར་འདོན་དང་རང་སྐྱོན་རང་བརྗོད་བྱས་ནས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་འགོ་ཁྲིད་ཚན་ཁག་གི་ཆབ་སྲིད་བརྡར་གཅོད་ནུས་པ་དང་སད་རྟོགས་ནུས་པ། ལག་བསྟར་ནུས་པ་བཅས་མངོན་སུམ་ཇེ་དྲག་ཏུ་བཏང་བ་ལས་གཞན། དུས་རབས་གསར་པ་དང་དུས་རིམ་གསར་པ། བླང་བྱ་གསར་པ་བཅས་ལ་རུང་བསྟུན་གང་ལེགས་བྱས་པར་མ་ཟད། སྐོར་ཞིབ་ལེགས་སྒྲིག་གི་དངོས་ཡོད་བསམ་སྦྱོར་ལ་བརྟེན་ནས་སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་ཡག་པོ་རྩོམ་པ་དང་གོམ་པ་བརྟན་པོ་སྤོ་བར་འགན་ལེན་བྱས་པ་བརྒྱུད། གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ཏེ་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བར་འབད་འབུངས་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་སྤྱི་སྡོམ་གཏམ་བཤད་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཀྲང་ཀོང་རུང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཏུའུ་ཅེ་ཟུར་ཞུགས་བྱས། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་ཚོགས་རར་ཐོན་ནས་མཛུབ་སྟོན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་འགོ་ཁྲིད་ཚན་ཁག་དང་རྒྱུན་ལས་ཨུ་ཡོན་བློ་མཐུན་ཀྱིས་ཐེངས་འདིའི་ཀྲུང་དབྱང་སྐོར་ཞིབ་ལེགས་སྒྲིག་གི་ཆེད་དོན་དམངས་གཙོ་འཚོ་བ་ལེགས་པོ་ཞིག་བསྡུ་བར་མཐོང་ཆེན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུར་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཞིབ་མོ་བླངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཁྱད་པར་དུ་སྐོར་ཞིབ་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ལྟ་བསྡུར་གང་ལེགས་བྱས་པ། ཀྲུང་དབྱང་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་དང་སྐོར་ཞིབ་གཞུང་སྒྲུབ་ཁང་གི་བླང་བྱར་ཞིབ་བསྡུར་ནན་མོ་བྱས་པ། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་ཐེངས་བཅོ་ལྔ་པའི་ཚུར་ལན་བསམ་འཆར་ལ་བསྡུར་བ་བྱས་པ་ལས་གཞན། སློབ་སྦྱོང་ངོས་ཟིན་གཏིང་ཟབ་དུ་གཏོང་བ་དང་སེམས་གཏམ་བཤད་རེས་ཀྱི་རྨང་གཞིའི་སྟེང་ནས། རང་ཉིད་དང་འགན་འཁྲི། ལས་དོན་བཅས་ནང་དུ་ཚུད་པར་བྱས་ཏེ། ཨང་གྲངས་ལྟར་འདུག་རྒྱུ་དང་རང་རྟོགས་སྒོས་ངོས་ལེན་བྱེད་པ། ཕྱིར་རྟོག་ནན་མོ་བྱེད་པ། འགོ་ཁྲིད་ཚན་ཁག་དང་མི་སྒེར་གྱི་ལྟ་སྡུར་ཞིབ་བཤེར་རྒྱུ་ཆ་ནན་ཏན་སྒོས་འབྲི་བ་བཅས་བྱས་མཐར། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུ་བར་རྨང་གཞི་བརྟན་པོ་བཏིངས།

ཝང་ཅན་ཅུན་གྱིས་སྤྱི་སྡོམ་གཏམ་བཤད་སྤེལ་སྐབས་བསྟན་དོན། སྐོར་ཞིབ་ལེགས་སྒྲིག་དམ་པོར་འཛིན་རྒྱུ་ནི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་ནན་མོ་དང་ལག་བསྟར་མཐིལ་རྟོགས་ཡོང་བའི་ཁྲོད་ནས་རང་འགན་གཙང་ལེན་བྱེད་རྒྱུ་དང་། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་གཏིང་ཟབ་དུ་སྤེལ་བ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་རང་ཉིད་ཀྱི་བསམ་བློ་བར་མེད་དུ་བརྒྱན་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་ཁྲོད་རང་འགན་གཙང་ལེན་བྱས་ཏེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་སད་རྟོགས་ནུས་པ། ལག་བསྟར་ནུས་པ་བཅས་བར་མ་ཆད་པའི་སྒོ་ནས་ཇེ་མཐོར་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་ལྡན་ཡོང་བར་རྒྱུན་འཁྱོངས་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནས་རང་འགན་གཙང་ལེན་བྱེད་རྒྱུ་དང་། འཕེལ་རྒྱས་གསར་པའི་དུས་རིམ་ལ་གོ་བ་ཡང་དག་ལེན་པ་དང་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་དངོས་འབེབས་བྱེད་པ། འཕེལ་རྒྱས་གསར་པའི་འགྲེམ་སྟངས་ཁྲོད་སིམ་འདྲེས་ཡོང་བར་བྱེད་པ་བཅས་ཀྱི་ཁྲོད་ནས་མཚོ་སྔོན་ལ་དགའ་ཞེན་བྱེད་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་པར་འབད་དེ། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་བྱ་གཞག་ལ་འབད་འབུངས་ཧུར་ཐག་བྱེད་དགོས།



 


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།