མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་བསྡུས་པ་དང་ཝང་ཅན་ཅུན་གྱིས་བླང་བྱ་བཏོན།

བན་དེ་སྐྱབས་ཀྱིས་བསྒྱུར།  2021-03-01 15:08:21 

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་བསྡུས་པ་དང་ཝང་ཅན་ཅུན་གྱིས་བླང་བྱ་བཏོན།


ཟླ2པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་རྩ་འཛུགས་བྱ་བར་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་གིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་བློ་དཀར་ལག་བསྟར་དང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པར་སྐུལ་སློང་རྩ་འཛུགས་བྱས་པ། ཏང་དང་མི་དམངས་ཀྱི་ལས་དོན་ལ་ཞབས་འདེགས་ཞུ་བའི་ཁྲོད་ནས་རང་འགན་གཙང་ལེན་བྱས་པ། རིམས་ནད་འགོག་སྡོམ་དང་དབུལ་ཐར་མཁྲེགས་གཏོར། སྤྱི་ཚོགས་བཅོས་སྐྱོང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པ་མཇུག་བསྡུ་བ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་རྩོམ་པ་སོགས་ཀྱི་ཚོད་བགམ་ཆེན་པོའི་ཁྲོད་ཧུར་བརྩོན་སྒོས་ཞུགས་ཏེ་ཁག་འཁུར་གྱི་སྤྱོད་ལམ་མངོན་པར་བསྟན་པ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་པའི་ཁྲོད་ནས་འབད་འབུངས་སྔོན་མཆོངས་བཅས་བྱས་པར་བརྟེན། ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ཟླའི་ཁྲོད་གྲུབ་འབྲས་ཆེན་པོ་བླངས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ད་ལོའི་རྩ་འཛུགས་བྱ་བར་དོན་ཆེན་མང་པོ་ཡོད། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་སྡེ་ཁག་གིས་བློ་བརྟན་འགྱུར་མེད་ངང་ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་མི་སེམས་གོང་བུ་གཅིག་གྱུར་དང་བླ་སྲོག་ཇེ་བརྟན་དུ་གཏོང་བར་འབད་དེ། ཁྱོན་ཡོངས་ནས་དུས་རབས་གསར་པའི་ཏང་འཛུགས་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱས་ནས། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་རྒྱུ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་འགྲེམ་སྟངས་གསར་པ་འཛུགས་སྒྲུབ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་དཀྱིལ་སྙིང་དུ་འཛིན་པ། བར་མ་ཆད་པའི་སྒོ་ནས་བྱ་བའི་འདུ་ཤེས་དང་བསམ་ཕྱོགས། ལམ་ལུགས། བྱེད་ཐབས་བཅས་ལེགས་སྒྱུར་བཅས་བྱས་མཐར། ལས་རིམ་ཁག་སོ་སོའི་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་བསྐྱལ་དགོས་པར་མ་ཟད། གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་བསུ་དགོས།

ཝང་ཡུས་ཡན་གྱིས་བསྟན་དོན། ད་ལོའི་རྩ་འཛུགས་བྱ་བ་བཟང་བོར་སྒྲུབ་པ་ལ་ཅིས་ཀྱང་དུས་རབས་གསར་པའི་ཏང་འཛུགས་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དངོས་འབེབས་བྱེད་དགོས་ལ། རྩ་འཛུགས་ལས་དོན་གྱི་སྤུས་ཚད་ཇེ་མཐོར་གཏོང་བར་འབད་འབུངས་བྱེད་དགོས། མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་གསོ་གཏིང་ཟབ་དུ་གཏོང་རྒྱུ་དང་། ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་བར་བཀོད་སྒྲིག་ཞིབ་ཚགས་བྱེད་དགོས། ཏང་སྟོབས་ལྡན་ཡིན་པའི་གཞི་རིམ་རྩ་འཛུགས་མ་ལག་བཟང་བོ་གཉེར་བ། ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་མངོན་སུམ་ཇེ་དྲག་ཏུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཡར་ཐོན་དང་ཁྱོན་ཡོངས་ནས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས།




རྩོམ་སྒྲིག་པ། སྐལ་བཟང་རྒྱལ།