མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞི་ཅིན་ཕིང་གིས་རང་རྒྱལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་པ་ཁྱབ་བསྒྲགས་བྱས་པ།

ཡོས་བུ།  2021-02-25 17:26:42  ཁྲིམས་ལུགས་ཚགས་པར།

ཞི་ཅིན་ཕིང་གིས་རང་རྒྱལ་གྱི་དབུལ་ཐར་མཁྲེགས་གཏོར་བྱ་བར་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་པ་ཁྱབ་བསྒྲགས་བྱས་པ།


ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་སྟེ། གཟི་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་བྱས་དོན། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་ཐུན་མོང་སྒོས་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སྐབས་གལ་ཆེན་འདིར། རང་རྒྱལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་རེད། ད་ལྟ་ལག་ཏུ་བསྟར་བཞིན་པའི་ཚད་གཞི་ལྟར་ཞིང་སྡེའི་དབུལ་ཕོངས་མི་གྲངས་བྱེ་བ་དགུ་དང་ས་ཡ་བརྒྱད་འབུམ་དགུ་ཁྲི་དགུ་ཡོངས་སུ་དབུལ་ཐར་བྱས་ཟིན་པ་དང་།  དབུལ་ཕོངས་རྫོང་བརྒྱད་བརྒྱ་སོ་གཉིས་ཚང་མས་དབུལ་ཞྭ་ཕུད་ལ། དབུལ་ཕོངས་སྡེ་བ་ཆིག་འབུམ་ཉིས་ཁྲི་བརྒྱད་སྟོང་ཚང་མ་ཕྱིར་འབུད་བྱས་ཡོད། ས་ཁོངས་རང་བཞིན་གྱི་དབུལ་ཕོངས་གནད་དོན་ཐག་གཅོད་བྱུང་ཞིང་གཞི་རྩའི་དབུལ་ཕོངས་མེད་པར་གཏོང་བའི་ལས་འགན་འགྲུབ་པར་བྱས་པ་དང་། མིའི་རིགས་ཀྱི་ལོ་རྒྱུས་སུ་འགོད་ཆོག་པའི་བྱས་རྗེས་བཞག འདི་ནི་ཀྲུང་གོའི་མི་དམངས་ཀྱི་རླབས་ཆེ་བའི་གཟི་བརྗིད་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེ་བའི་གཟི་བརྗིད་ཡིན་པར་མ་ཟད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་གཟི་བརྗིད་ཀྱང་རེད། 


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།