མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

བློ་མཐུན་ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པ།

ཡོས་བུ།  2021-02-23 11:28:07  ཁྲིམས་ལུགས་ཚགས་པར།

བློ་མཐུན་ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པ།

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆའི་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཡིག་ཆ་པར་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས། ཆེད་དོན་རྩོམ་ཡིག་གཅེས་བསྡུས་སུ། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་རྩོམ་ཡིག་གལ་ཆེན40བསྡུ་སྒྲིག་བྱས་ཡོད་ཅིང་། དེའི་ཁྲོད་ཀྱི་རྩོམ་ཡིག་ཁ་ཤས་ཐོག་མར་ཡོངས་བསྒྲགས་འགྲེམ་སྤེལ་བྱས་པ་རེད།

ལོ་རྒྱུས་ནི་བསླབ་དེབ་ཆེས་བཟང་བོ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་སྦྲེལ་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ཏེ། ང་ཚོའི་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་འབད་འཐབ་ལྷོད་མེད་བྱས་པའི་འོད་སྟོང་འབར་བའི་ལོ་རྒྱུས་སྤྱི་སྡོམ་ཆ་ཚང་མཛད་པ་དང་། ཏང་གིས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་གསར་གཏོད་བྱས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་བསགས་པའི་ཉམས་མྱོང་རྩ་ཆེན། བསྐྲུན་པའི་རླབས་ཆེན་སྙིང་སྟོབས་བཅས་སྤྱི་སྡོམ་ཆ་ཚང་བྱས་ལ། ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་བཞག་པའི་རླབས་ཆེན་བྱས་རྗེས་དང་མིའི་རིགས་ཀྱི་གནད་དོན་ཐག་གཅོད་པར་འདོན་སྤྲོད་བྱས་པའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་གསལ་བཤད་ཟབ་མོ་བྱས་ནས། ཏང་དང་མི་དམངས་ཀྱི་ལས་དོན་འཕེལ་རྒྱས་ཀྱི་འོད་སྟོང་འབར་བའི་མདུན་ལྗོངས་ལ་རྒྱང་ལྟ་བྱས་ཡོད། རྣམ་བཤད་དེ་དག་གི་དམིགས་ཡུལ་མཐོ་བ་དང་ནང་དོན་ཕུན་སུམ་ཚོགས་ལ། དགོངས་པ་ཟབ། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན།

བློ་མཐུན་ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པ་དེས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བཟང་པོ་བྱེད་པ་དང་། “འདུ་ཤེས་བཞི”མཐོར་འདེགས་དང་། “ཡིད་ཆེས་བཞི”སྲ་བརྟན།“སྲུང་སྐྱོང་གཉིས”ལེགས་སྒྲུབ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལས་རྣམ་པར་རྒྱལ་བ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།