མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བའི་མཛུབ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་བཞི་བ་ཟི་ལིང་ནས་འཚོགས་པ།

རིན་ཆེན་མཚོ།  2021-02-23 11:28:03 

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བའི་མཛུབ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཐེངས་བཞི་བ་ཟི་ལིང་ནས་འཚོགས་པ།

ཟླ2པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བའི་མཛུབ་ཁྲིད་ཚན་ཆུང་གིས་རྒྱ་སྐྱེད་གྲོས་ཚོགས་ཐེངས་བཞི་བ་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་སྡེ་བ་དང་གཞིས་ཁུལ་གྱི་སྐབས་བརྗེ་བྱ་བར་སྤྱི་སྡོམ་བྱས་ལ། རྗེས་མཐུད་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། མཛུབ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཡུས་ཡན་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། མཛུབ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཁོང་ཡུང་གཉིས་གྲོས་ཚོགས་ལ་ཞུགས།

ཝང་ཡུས་ཡན་གྱིས་ནན་གྱིས་བསྟན་དོན། སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་བྱ་བ་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་སྤེལ་བ་དང་གྲུབ་འབྲས་མངོན་གསལ་བླངས་པ་དང་། ཕུལ་བྱུང་གསུམ་དང་སྟོབས་ལྡན་གསུམ། ཉམས་སད་ཐེག་ཐུབ་པ་གསུམ་གྱི་དམིགས་འབེན་མངོན་འགྱུར་བྱས་པ་དེ་གཙོ་བོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཧ་ཅང་མཐོང་ཆེན་བྱས་པ་དང་སྐུལ་འདེད་བཏང་བར་འབྲེལ་བ་ཡོད་ལ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བཀོད་སྒྲིག་བཟང་བོ་དང་རྩ་འཛུགས་ཞིབ་མོ་བྱས་པར་འབྲེལ་བ་ཡོད་པ་དང་། སྡེ་ཁག་སོ་སོས་གཞོགས་འདེགས་དམ་ཟབ་དང་མཉམ་ལས་དམ་ཟབ་བྱས་པར་འབྲེལ་བ་ཡོད་ལ། ཏང་ཡོན་ལས་བྱེད་པས་དངོས་གཉེར་ཁག་ཁུར་དང་འབད་འཐབ་ལྷོད་མེད་བྱས་པར་འབྲེལ་བ་ཡོད་པ་དང་། གཞི་རིམ་ཏང་ཡོན་དང་མང་ཚོགས་དེའི་ཁྲོད་ཞུགས་པ་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་འབྲེལ་བ་ཡོད། སྐབས་བརྗེ་ནི་མཇུག་གནས་མིན་པར་འགོ་ཚུགས་ས་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྐབས་གསར་བའི་སྡེ་བ་དང་གཞིས་ཁུལ་གྱི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་རང་འགུལ་གྱིས་དུས་རབས་གསར་བའི་ཁྲོད་འདྲེས་པར་བྱེད་པ་དང་འགན་འཁྲི་གསར་བ་ཕྲག་ཏུ་ལེན་པ། འཐབ་ལམ་གསར་བར་སྐྱོད་པ། གྲུབ་འབྲས་གསར་བ་མངོན་པར་སྣེ་ཁྲིད་བྱེད་དགོས།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགོ་ཁྲིད་བརྟན་པོའི་འོག ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་འབྲེལ་མཐུད་དང་གཞོགས་འདེགས་དམ་ཟབ་བྱས་པ་དང་། བཀོད་སྒྲིག་ཤུགས་ཡོད་བྱས་ལ། ལས་སྒོའི་མཛུབ་ཁྲིད་ཡང་དག་བྱས་པ་དང་། ལྟ་སྐུལ་ལག་བསྟར་བཟང་བོ་བྱས་པས། སྐབས་བརྗེ་འདེམ་བསྐོའི་མཇུག་བཟང་བོ་བསྡུས་པ་དང་། སྡེ་བ་དང་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པའི་དཔུང་སྡེ་གྲུབ་ཚུལ་ལེགས་བསྒྱུར་མངོན་གསལ་བྱས་ལ། ཁྱོན་ཡོངས་ནས་ལེགས་འདེམ་སྟོབས་ལྡན་མངོན་འགྱུར་བྱས། རིམ་པ་སོ་སོའི་རྩ་འཛུགས་དང་དམངས་སྲིད་སྡེ་ཁག་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལ་དམིགས་ནས། ཞིང་སྡེ་དར་སྤེལ་སོགས་ལས་འགན་གལ་ཆེན་ལག་བསྟར་བྱེད་པ་དང་། སྐབས་གསར་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མིའི་སློབ་གསོ་གསོ་སྦྱོང་དམ་འཛིན་བྱེད་པ། ཁོ་ཚོས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇེ་གསལ་དུ་གཏོང་བར་སྣེ་ཁྲིད་བྱེད་པ། སྡེ་བ་རིམ་པའི་དམངས་གཙོ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། གསར་བསྐོས་ཚན་ཁག་གི་ལྟ་སྐུལ་ཞིབ་དཔྱད་ཇེ་ཆེར་བཏང་སྟེ། སྐབས་གསར་བའི་སྡེ་བ་དང་གཞིས་ཁུལ་གྱི་བྱ་བའི་འགོ་བཟང་བོ་རྩོམ་པར་ཁག་ཐེག་བྱེད་དགོས་ཟེར།



 


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།