ཞིན་ཁྲང་ཞིང་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་རུ་རྟོག་ཞིབ་བྱས་པ།
ཟླ2པའི་ཚེས18ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་རུ་སོང་ནས་རྟོག་ཞིབ་བྱས། ཁོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱས་ཏེ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་ཁོང་དུ་དམ་པོར་ཆུད་པར་བྱེད་པ་དང་། དུས་རྟག་ཏུ་རྒྱལ་ཁབ་ཀྱི་དོན་ཆེན་སེམས་སུ་བཟུང་སྟེ། མགོ་རྩོམ་ས་གསར་པའི་སྟེང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བཟང་བོ་དང་དེར་དོ་དམ་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཞིན་ཁྲང་ཞིང་གིས་སྐྱེ་ཁམས་འགྲེམ་སྟེན་ལྟེ་གནས་སུ་ལྟ་སྐོར་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཆེད་དོན་བརྙན་རིས་དང་། ཨ་ཆེན་གངས་རྒྱབ་ཀྱི་འགུལ་རྣམ་ལྟ་ཞིབ་ཡུལ་དངོས་བརྙན་རིས་ལ་བལྟས་པར་མ་ཟད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་དང་སྐྱེ་ཁམས་གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཉན། ཁོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་བཙུགས་པ་ནས་བཟུང་། ཀྲུང་དབྱང་གིས་ཆོག་མཆན་བཀོད་པའི་ཚད་ལྟའི་ཇུས་གཞི་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། འབད་བརྩོན་ལྷོད་མེད་དང་འཚོལ་ཞིབ་གསར་གཏོད་བྱས་ཏེ། སྒྲིག་སྲོལ་ཚོད་ལྟའི་ལས་འགན་སྣ་ཚོགས་ཅུང་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱས་པ་དང་། འདུ་ཤེས་ཀྱི་གྲུབ་འབྲས་དང་ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་ཕུན་སུམ་ཚོགས་པ་བླངས་ནས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་བྱས་རྗེས་བཟང་བོ་བཞག་ཡོད་ཅེས་བསྟན།
ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཚོ་སྔོན་ནས་རླབས་ཆེན་ལག་ལེན་བྱས་པ་ཞིག་ཡིན་ལ། དེར་དོན་སྙིང་ཆེ་ཞིང་དེའི་འགན་འཁྲི་གཟི་བརྗིད་ལྡན་པས། དུས་ནམ་ཡང་ལངས་གནས་མཐོན་པོ་རྒྱུན་འཁྱོངས་དང་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་སྐབས་དང་པོར་བསྐུར་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྔར་ལས་ཧུར་བརྩོན་གྱི་བྱ་སྤྱོད་ལ་བརྟེན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས། རང་འགུལ་གྱིས་འབྲེལ་འདྲིས་གཞོགས་འདེགས་བྱས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་བྱ་བ་བཟང་བོར་སྒྲུབ་པ་དང་། འབྲེལ་ཡོད་ཉམས་མྱོང་སྤྱི་སྡོམ་དང་ཁྱབ་གདལ། བཀོལ་སྤྱོད་བཟང་བོ་བྱེད་པ། སྒྲིག་སྲོལ་ཚོད་ལྟའི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ། རང་བྱུང་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་སྲུང་འཛིན་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ཏེ། བུ་རབས་ཚ་རྒྱུད་ལ་རང་བྱུང་རྒྱུ་ནོར་གྱ་ནོམ་པ་འཇོག་དགོས། མ་ལག་འདུ་ཤེས་བརྟན་པོར་འཛུགས་པ་དང་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་བསྣན་ནས། རང་བྱུང་ཁམས་ལ་བརྩི་བཀུར་དང་རུང་བསྟུན། སྲུང་སྐྱོབ་བཅས་བྱེད་པ་དང་། རི་ཆུ་ནགས་ཞིང་མཚོ་རྩ་བྱེ་དར་བཅས་ལ་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་དང་མ་ལག་གིས་བཅོས་སྐྱོང་། མགོ་ཁུངས་ནས་བཅོས་སྐྱོང་བཅས་བྱེད་པར་གཅིག་གྱུར་བཀོད་སྒྲིག་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་དུས་སྐབས་གསུམ་པའི་བཟོ་སྐྲུན་སྤེལ་མགོ་རཙོམ་པ། འབྲི་ཆུའི་རྒྱུད་དུ་ལོ་བཅུའི་རིང་ཉ་འཛིན་དུ་མི་འཇུག་པ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལག་བསྟར་ཟབ་མོ་བྱེད་པ། ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་སྲ་བརྟན་དུ་གཏོང་དགོས། མིས་བཟོས་རིག་ནུས་སོགས་ཀྱི་ལག་རྩལ་བཀོལ་སྤྱོད་བྱས་ཏེ། མཁའ་ས་བར་སྣང་གཞི་གཅིག་ཅན་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དྲ་བ་མྱུར་དུ་བཙུགས་ནས། རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་ཅན་དང་གནད་ཁེལ་ཅན། ཤེས་རབ་ཅན་བཅས་ཀྱི་འཛུགས་སྐྲུན་དང་དོ་དམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། མཉམ་འཛུགས་མཉམ་སྤྱོད་བྱེད་པ་དང་ཕྱོགས་སོ་སོའི་མཉམ་ཤུགས་གཅིག་ཏུ་བསྡུས་ནས། བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། ཕན་པ་ཅན་གྱི་ཉམས་མྱོང་ལ་དཔེ་ལྟ་བ། རྒྱལ་ཁབ་སྤྱི་གླིང་གི་གླེང་སྟེགས་དང་དྲུག་ལྔའི་ཁོར་ཡུག་ཉིན་མོའི་བྱ་འགུལ་སོགས་ལ་ཕྱོགས་ཡོངས་ནས་ཇུས་འགོད་བྱེད་པ་དང་སྣ་རེ་རེ་བཞིན་དོན་འཁྱོལ་བྱས་ཏེ། ལག་གདང་མཉམ་སྦྲེལ་གྱིས་སྐྱེ་ཁམས་མཉམ་སྐྲུན་དང་། ཁོར་ཡུག་མཉམ་བཅོས། གྲུབ་འབྲས་མཉམ་སྤྱོད་ཀྱི་རྣམ་པ་གསར་པ་བསྐྲུན་དགོས། འཕེལ་རྒྱས་ཀྱི་ཁྲོད་ནས་དམངས་ཚིས་ལ་འགན་སྲུང་ལེགས་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞང་སྡེ་དར་རྒྱས་འཐབ་ཇུས་དང་ཟུང་སྦྲེལ་གྱིས་སྐྱེ་ཁམས་ཀྱི་སྦས་ཤུགས་ཧུར་ཐག་གིས་སྔོག་འདོན་བྱེད་པ་དང་། སྐྱེ་ཁམས་སློབ་གསོ་དང་རང་བྱུང་མྱོང་བརྒྱུད་སོགས་ཀྱི་བྱ་འགུལ་ཕུན་སུམ་ཚོགས་པར་སྤེལ་བ། མ་རྩའི་འགན་སྲུང་དང་དམིགས་བསལ་བདག་གཉེར་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་བཅས་བྱས་ཏེ། ས་གནས་ཀྱི་རོང་འབྲོག་མང་ཚོགས་དེ་སྐྱེ་ཁམས་བེད་སྤྱོད་པ་ནས་སྐྱེ་ཁམས་ཀྱི་སྲུང་སྐྱོབ་པ་དང་ཕན་ཁེ་མྱོང་མཁན་དུ་བསྒྱུར་དགོས་ཟེར།
ལིའུ་ཐའོ་ཡིས་མཉམ་དུ་རྟོག་ཞིབ་བྱས།