མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་སློབ་གསོ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་འཚོགས་པ།

རིན་ཆེན་མཚོ།  2021-02-23 10:12:46 

ཞིང་ཆེན་ཡོངས་ཀྱི་སློབ་གསོ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་འཚོགས་པ།

ཟླ2པའི་ཚེས6ཉིན། ཞིང་ཆེན་ཡོངས་ཀྱི་སློབ་གསོ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་བྱ་བར་རེ་བ་བཏོན། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། སློབ་གསོ་ལས་དོན་གཙོར་བཟུང་ནས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཏང་གི་སྲིད་ཇུས་བྱེད་ཕྱོགས་ཡིན་ལ། སློབ་གསོར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་རྒྱུ་ནི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་བཟོ་སྐྲུན་ཡིན། དུས་ཡུན་རིང་བོར། ཞིང་ཆེན་ཡོངས་ཀྱི་སློབ་གསོ་མ་ལག་གི་རྒྱ་ཆེའི་ལས་བཟོ་པ་རྣམས་ཀྱིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། ཀུན་སྤྱོད་བཟང་བོས་མི་སྐྱོང་བའི་རྩ་བའི་ལས་འགན་ལག་བསྟར་བྱས་ཏེ། མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་ཆེད་འཚོལ་ཞིབ་གསར་གཏོད་བྱས་པ་དང་བབ་བསྟུན་མདུན་སྐྱོད་བྱས་ལ། དཀའ་སྤྱད་འབད་བརྩོན་བྱས་པ་དང་བྱས་རྗེས་བཞག ལྷག་པར་དུ་ན་ནིང་རིམས་ནད་འགོག་བཅོས་བྱེད་པའི་འགྲན་རྩོད་མདུན་དུ། འགན་འཁྲི་ལག་བསྟར་བྱས་པ་དང་ཁག་ཁུར་བྱེད་ཕོད་པར་བྱས་ནས། འབད་འཐབ་ལྷོད་མེད་བྱེད་པའི་སྙིང་སྟོབས་མངོན་པར་བྱས། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་པས། སྤུས་ཚད་མཐོ་བའི་སློབ་གསོ་མ་ལག་འཛུགས་སྐྲུན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཞབས་ཞུ་སྔར་ལས་བཟང་བོ་བྱེད་པའི་ཐད་ནས་སློབ་གསོ་མ་ལག་གིས་འགན་གཙོ་བོར་ཁུར་ཡོད། བློ་མཐུན་ཚོས་མུ་མཐུད་དུ་འབད་འཐབ་བྱས་ཏེ། ཁྱོན་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུད་འཛིན་པ་སྐྱེད་སྲིང་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པ་དང་། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ནང་། ཞིང་ཆེན་ཡོངས་ཀྱི་སློབ་གསོ་མ་ལག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་ལྟར། རིམས་ནད་འགོག་བཅོས་དང་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་འཆར་འགོད་བྱས་པ་དང་། རིམ་པ་སོ་སོ་དང་རིགས་མི་འདྲ་བའི་སློབ་གྲྭས་རྒྱལ་ཡོངས་སུ་སྔོན་དུ་དཔྱིད་དུས་ཀྱི་སློབ་མགོ་ཚུགས་པ་དང་། སློབ་གསོའི་དབུལ་ཐར་མཁྲེགས་གཏོར་དང་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་སུ་གཏོང་བ། ཟི་ལིང་སློབ་ཆེན་འཛུགས་སྐྲུན་བྱེད་པ། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་སོགས་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་སློབ་གསོ་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་སློབ་གསོ་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཀུན་སྤྱོད་བཟང་བོས་མི་སྐྱོང་བའི་རྩ་བའི་ལས་འགན་ལག་བསྟར་བྱེད་པ། ཏང་ལ་མི་སྐྱོང་བ་དང་རྒྱལ་ཁབ་ལ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། སློབ་གསོའི་བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ། སྟོབས་ཤུགས་ཡོད་རྒུས་སློབ་གསོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ། སློབ་གསོ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་མ་ཆད་མཐོར་འདེགས་གཏོང་བ། ཧུར་ཐག་གིས་མི་དམངས་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

དབྱང་ཀྲི་ཝུན་གྱིས་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཚུན་དུ་ཞིང་ཆེན་ཡོངས་ཀྱི་སློབ་གསོ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ལས་འགན་གཙོ་བོར་བཀོད་སྒྲིག་བཟང་བོ་བྱས། ཁོས་ཞིང་ཆེན་ཡོངས་ཀྱི་སློབ་གསོ་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། ཏང་གི་སློབ་གསོ་བྱ་བའི་ཐད་ཀྱི་ཁྱོན་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཤུགས་སྣོན་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་མི་གསར་བ་སྐྱེད་སྲིང་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ཏུ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག སློབ་གྲྭ་བཅས་ཀྱིས་བརྗེ་རེས་གཏམ་བཤད་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གིས་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་བར་དུ་དམིགས་འབེན་འགན་འཁྲི་ཡི་གེ་བཀོད།




རྩོམ་སྒྲིག་པ། སྐལ་བཟང་རྒྱལ།