མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་ཅུའུ་ཀྲང་གི་གྲོས་ཚོགས་ཟི་ལིང་ནས་འཚོགས་པ།

རིན་ཆེན་མཚོ།  2021-02-23 10:12:42 

ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་ཅུའུ་ཀྲང་གི་གྲོས་ཚོགས་ཟི་ལིང་ནས་འཚོགས་པ།

ཟླ2པའི་ཚེས5ཉིན། ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་ཅུའུ་ཀྲང་གི་གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་ཟི་ལིང་ནས་འཚོགས། ཚོགས་ཐོག་ནས2020ལོའི་འཕྲིན་བཅར་བྱ་བར་སྤྱི་སྡོམ་བྱས་པ་དང་། མིག་སྔའི་གནས་བབ་ལ་དབྱེ་ཞིབ་བྱས་ཤིང་། ད་ལོའི་བྱ་བ་བཀོད་སྒྲིག་བྱས། ཚོགས་འདུའི་སྔོན་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་སོ་སོར་འཕྲིན་བཅར་བྱ་བར་རེ་བ་བཏོན།

ཝང་ཅན་ཅུན་གྱིས་བསྟན་དོན། འཕྲིན་བཅར་བྱ་བ་ནི་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་རེའུ་མིག་དང་། ཏང་དང་མང་ཚོགས་ཀྱི་སེམས་སྦྲེལ་ཟམ་པ་ཡིན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་ལས་ཁུངས་ཀྱིས་རིམས་ནད་འགོག་བཅོས་དང་དབུལ་ཐར་མཁྲེགས་གཏོར། ཉེན་ཁ་ཐག་གཅོད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ནས་བྱ་བ་མི་ཉུང་བ་བསྒྲུབས་པ་དང་། མི་དམངས་ཀྱི་དཀའ་ཁག་ཐག་བཅད་པ་དང་ཏང་གི་དཀའ་ངལ་སེལ་ལ། བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་ཞུགས་པ་དང་བསྟུན་ནས། འཕྲིན་བཅར་བྱ་བ་ཡང་གནས་བབ་གསར་བར་ཐུག་ཡོད། ལོ་གསར་བའི་ནང་། འཕྲིན་བཅར་ལས་ཁུངས་ཀྱིས་མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་རྒྱབ་རྩ་རུ་ལངས་པ། སེམས་ཞིབ་མོས་འཕྲིན་བཅར་དང་ལེན་བྱེད་པ། འཕྲིན་བཅར་ཐད་ཀྱི་བྱ་བ་སྒྲུབ་པ། མི་དམངས་མང་ཚོགས་ཡིད་ཚིམ་པར་བྱེད་པ་དང་། ཏང་དང་སྲིད་གཞུང་སེམས་བདེ་བར་བྱས་ཏེ། ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ཐད་འཆམ་མཐུན་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་ཟེར།

ཞིན་ཁྲང་ཞིང་གིས་བསྟན་དོན། འདས་པའི་ལོ་གཅིག་ནང་། ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། སེམས་ཤུགས་གཅིག་སྒྲིལ་དང་རང་འགུལ་གྱིས་འབད་འཐབ་བྱས་ནས། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་འབུར་ཐོན་གནད་དོན་སྐོར་ཞིག་ཐག་བཅད་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་བའི་ཕྱོགས་ནས་བྱས་རྗེས་ཆེན་པོ་བཞག་ལ། བློ་མཐུན་ཚོར་འཚམས་འདྲི་དང་བཀའ་དྲིན་ཞུས་པ་ཡིན། ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་འཕྲིན་བཅར་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། མི་དམངས་ཀྱི་དཀའ་ཁག་ཐག་གཅོད་པ་དང་ཏང་གི་དཀའ་ངལ་སེལ་བའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པ། འཕྲིན་བཅར་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པ། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཡང་དང་བསྐྱར་དུ་འཕྲིན་བཅར་བྱེད་པ་དང་འཕྲིན་བཅར་ཐད་ཀྱི་གྱོད་གཞི་ཐག་གཅོད་པའི་ཆེད་དོན་བྱ་བ་བཟང་བོར་སྒྲུབ་པ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་བཟང་བོ་རྩོམ་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།




རྩོམ་སྒྲིག་པ། སྐལ་བཟང་རྒྱལ།