མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལུགས་རྙིང་ལོ་སར་མཉམ་དུ་བསུས་པ།

བན་དེ་སྐྱབས།  2021-02-23 10:12:13 

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལུགས་རྙིང་ལོ་སར་མཉམ་དུ་བསུས་པ།

ཟླ2པའི་ཚེས9ཉིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་ནས་ལུགས་རྙིང་ལོ་སར་མཉམ་བསུ་བྱས། ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་མགོ་ཁྲིད་རྣམས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་མི་སྣའི་འཐུས་མི་དངམཉམ་འཛོམས་བྱུང་ནས་ལུགས་རྙིང་ལོ་སར་དགའ་བས་བསུས་ཏེ། མེས་རྒྱལ་དང་མཚོ་སྔོན་གྱི་མཛེས་པའི་མ་འོངས་པ་མཉམ་གླེང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས།

ཝང་ཅན་ཅུན་གྱིས་ཤིས་ཚིག་ཁྲོད་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་དམངས་གཙོ་ཏང་ཁག་སོ་སོ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོ། མཚོ་སྔོན་དུ་སྡོད་པའི་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེ་ལས་བྱེད་མི་སྣ། ཞིང་ཆེན་ཡོངས་ཀྱི་ལས་འཁྱུར་དང་ལས་བྲལ་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ། མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་གྱི་ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་མི་སྣ་ར་ལོ་སར་གྱི་སྨོན་འདུན་ཞུས།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ལས་བྱེད་པས་དོན་དངོས་གཉེར་བ་ཡིན་ན་མང་ཚོགས་ལ་ཕན་ཁེ་ཐོབ་ཐུབ། མཚོ་སྔོན་འཕེལ་རྒྱས་འགྲོ་བར་ཆབ་སྲིད་ཀྱི་སྣེ་སྟོན་ནི་གནད་འགག་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་ནས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་བློ་བརྟན་འགྱུར་མེད་ངང་མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་བྱས་རྗེས་འཇོག་པ་བཅས་ལ་བརྩོན་ནས། མཚོ་སྔོན་གྱི་ལས་དོན་སྔར་ལས་ལེགས་པར་སྒྲུབ་སྟེ། གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་བསུ་མ་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་མགོ་འཛིན་བྱེད་སྐབས་བཤད་རྒྱུར། ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀུན་ལ་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས་པ་དེས། སྨོན་འདུན་གཙང་མ་བསྟན་པ་དང་དང་རེ་བ་གསར་པ་བཅངས་པ་མཚོན། དེས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཡོངས་ལ་སྐུལ་ལྕག་ཟབ་མོ་བཏང་ནས། དཔྱིད་ཀའི་དུས་བཟང་དམ་འཛིན་བྱས་ཏེ་རེ་བའི་སོན་བཟང་སྔ་མོ་ནས་འདེབས་རྒྱུ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་གོམ་པ་དང་པོ་བརྟན་བརླིང་སྒོས་སྤོ་བར་འབད་དེ། རྡོག་རྩ་གཅིག་སྒྲིལ་དང་ལས་དོན་འབད་པས་སྒྲུབ་ནས། མཚོ་སྔོན་གྱི་མཛེས་པའི་མ་འོངས་པ་བསུ་བར་སྐུལ་མ་ཐེབས་ངེས་ཡིན་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཟི་ལིང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་ལས་འཁྱུརདང་ལས་བྲལ་ངལ་གསོ་བྱས་ཟིན་པའི་བློ་མཐུན་བཅས་ཚོགས་འདུར་ཞུགས།



 


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།