མགོན་པོ་བཀྲ་ཤིས་ཀྱིས་སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མིར་ཐུག་འཕྲད་བྱས་པ།
ཟླ2པའི་ཚེས9ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཟི་ལིང་ནས་སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མིར་ཐུག་འཕྲད་བྱས།
མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ། སྐུ་འབུམ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ར་ཁོ་སོགས་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་སྡེ་ཁག་གི་མི་སྣར་ལུགས་རྙིང་ལོ་སར་དང་བོད་ཀྱི་ལོ་སར་ལ་སྨོན་འདུན་ཞུས། ཁོས་བཤད་རྒྱུར། འདས་པའི་ལོ་གཅིག་གི་ནང་དུ། སྐུ་འབུམ་དགོན་པས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་དང་ཁྱད་པར་དུ་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་དབར་འབྲེལ་འདྲིས་དམ་ཟབ་དང་ལས་རིམ་ཁག་སོ་སོའི་བྱ་བ་བཟང་བོར་བསྒྲུབས་པར་འབད་པ་དང་། དགོན་སྡེ་དོ་དམ་དང་ཆོས་འཆད་ཉན་སྒོམ་སྒྲུབ། རིག་གནས་ཡུལ་སྐོར། མི་རིགས་མཐུན་སྒྲིལ། རིམས་ནད་འགོག་སྡོམ་སོགས་ཀྱི་ཐད་གྲུབ་འབྲས་གསར་པ་བླངས་ཡོད་ཅིང་། སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་ལངས་ཕྱོགས་ལེགས་པོ་དང་འཕེལ་རྒྱས་ཀྱི་གནས་སྟངས་བཟང་བོ་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་སྡེ་ཁག་ལ་དཔེ་སྟོན་གྱི་ནུས་པ་བཏོན་ཡོད་ཟེར།
མགོན་པོ་བཀྲ་ཤིས་ཀྱིས་རེ་བ་བཏོན་ནས་བཤད་རྒྱུར། སྐུ་འབུམ་དགོན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་ནས། རང་རྟོགས་སྒོས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཇེ་དམ་དུ་གཏོང་བ། མོས་མཐུན་ལྔ་ཟམ་མ་ཆད་པར་ཇེ་དྲག་ཏུ་གཏོང་བ། མེས་རྒྱལ་སྲུང་སྐྱོབ་དང་དམངས་ཕན་གྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་ནས། ཞིང་ཆེན་ཡོངས་ཀྱི་རིམས་འགོག་སྤྱིའི་བླང་བྱ་སྲུང་བརྩི་རྦད་ཆོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན་ཡོང་བར་བྱས་རྗེས་གསར་པ་འཇོག་རྒྱུ་དང་སྟོབས་ཤུགས་གང་ཡོད་འདོན་དགོས་ཟེར།