མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཝང་ཅན་ཅུན་གྱིས་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་བྱས་པ།

བན་དེ་སྐྱབས་བསྒྱུར།  2021-02-08 15:47:26 

ཝང་ཅན་ཅུན་གྱིས་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་བྱས་པ།


ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གཞི་རིམ་དུ་སོང་ནས། དབུལ་ཐར་མཁྲེགས་གཏོར་ལས་གནས་སྟེང་གི་ལས་བཟོ་པ་དང་ཏང་ཡོན་རྒན་པ། དཀའ་ངལ་ཆེ་བའི་མང་ཚོགས། ཁོར་ཡུག་གཙང་སྦྲ་བྱེད་མཁན། མེ་འགོག་མེ་གསོད་རོགས་སྐྱོབ་ཀྱི་བཀོད་འཐབ་པ། ཏང་ཕྱིའི་མི་སྣ། ཆེད་མཁས་པ་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས་པར་མ་ཟད། ལུགས་རྙིང་ལོ་སར་ལ་སྨོན་འདུན་ཞུས།

ཝང་ཅན་ཅུན་གྱིས་བཤད་རྒྱུར། སྡེ་མི་རྣམས་ཀྱིས་རི་ཀྱོག་ལུང་གཟར་གྱི་གནས་བབ་བསྐྱུར་ནས་འཚོ་བ་སྐྱིད་པོ་འདི་འདྲ་རོལ་ཐུབ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་ཀྱི་བཀའ་དྲིན་ཚོར་དགོས། དྲིན་གཟོའི་བསམ་པ་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་སུ་བརྩིས་ཏེ། གསར་དུ་བསྐོ་འཇོག་བྱས་པའི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་ཀྱི་མཁའ་དབུགས་བབ་གཙང་དང་དཔལ་ཡོན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་འབད་དེ། གྲོང་གསེབ་ཀྱི་སྡེ་མི་རྣམས་གྲོང་གསེབ་བསྐྱར་དར་གྱི་བགྲོད་ལམ་སྟེང་ནས་བདེ་སྐྱིད་དཔལ་ལ་རོལ་ཐུབ་པར་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། རིགས་སོ་སོའི་མང་ཚོགས་ཀྱིས་ལུགས་རྙིང་ལོ་སར་སྐྱིད་པོ་ཞིག་རོལ་བ་ལ་མེ་་འགོག་མེགསོད་བཀོད་འཐབ་པ་རྣམས་ཀྱི་འོས་འགན་ཧ་ཅང་ལྕི། ལས་གནས་བརྟན་སྲུང་བྱེད་རྒྱུ་དང་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་སྐབས་ཅི་ལའང་མི་སྐྲག་པའི་སྙིང་སྟོབས་བཅངས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ཏང་ཕྱིའི་མི་སྣའི་འཐུས་མི་ལིས་དབྱིན་ཧོས་དང་ཆེད་མཁས་པའི་འཐུས་མི་ཉི་མ་ལ་འཚམས་འདྲི་བྱས་ཏེ་བཤད་རྒྱུར། ལིས་དབྱིན་ཧོས་ལ་ཡོན་ཏན་དང་བརྩེ་བ་ལྡན་པ་དང་། ཁོས་མཐོ་སྒང་བརྟན་སྲུང་དང་མཐོ་སྒང་གི་ཆེད་དུ་ཡོད་ཚད་ཕུལ་ནས། མཚོ་སྔོན་གྱི་ནས་འབྲུའི་ཐོན་ལས་གསོ་སྤེལ་དང་ཞིབ་འཇུག་གསར་སྤེལ། རྒྱ་སྐྱེད་བཅས་ཀྱི་ཐད་ནུས་ཤུགས་གང་ཡོད་བཏོན། འབྲེལ་ཡོད་སྡེ་ཁག་གིས་དམངས་གཉེར་ཁེ་ལས་ཀྱི་བདེ་ཐང་འཕེལ་རྒྱས་ལ་སེམས་ཁུར་དང་དོ་སྣང་བྱས་ནས། དམངས་གཉེར་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་དགོས་ཟེར། དེ་མིན་ད་དུང་ཝང་ཅན་ཅུན་གྱིས་རྒྱལ་སྨན་ཆེན་མོ་ཨ་ཁུ་ཉི་མ་ལགས་ཀྱིས་མི་རིགས་ཀྱི་གསོ་རིག་འཕེལ་རྒྱས་དང་རིགས་སོ་སོའི་མི་དམངས་ཀྱི་བདེ་ཐང་ཐད་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཆེ་ཞུས་རྗེས་བཤད་རྒྱུར། ཨ་ཁུ་ཉི་མ་ལགས་ཀྱིས་ལུས་པོར་བདག་གཅེས་གང་ལེགས་དང་སྣོད་ལྡན་གྱི་སློབ་མ་གང་མང་གསོ་སྐྱོང་བྱེད་པ། སྨན་བཅོས་ཀྱི་ཉམས་མྱོང་ལེགས་སྒྲིག་བྱེད་པ་བཅས་ལ་འབད་དེ། རྒྱལ་སྨན་ཆེན་མོའི་གཞུང་སྒྲུབ་ཁང་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ཡུས་ཚུང་ལི་དང་ཉིའོ་ཁྲིན་ཡུན་གཉིས་སོ་སོར་གོང་གསལ་འཚམས་འདྲིའི་བྱེད་སྒོར་ཞུགས།



རྩོམ་སྒྲིག་པ། སྐལ་བཟང་རྒྱལ།