མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཝང་དབྱང་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་བའི་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པ།

དཔའ་བརྟན་རྒྱལ་གྱིས་བསྒྱུར།  2021-02-08 15:45:27 

ཝང་དབྱང་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་བའི་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་པ།



ཟླ་གཉིས་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་པེ་ཅིང་ནས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་བའི་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚེས་བདུན་ཉིན་པེ་ཅིང་ནས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་བའི་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས།

ཝང་དབྱང་གིས་ཐོག་མར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་མཛད་དེ་རྒྱལ་ཡོངས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེ་བའི་དད་ལྡན་མང་ཚོགས་ཡོངས་ལ་ལོ་སར་གྱི་སྨོན་འདུན་ཞུས། ཝང་དབྱང་གིས་ཆོས་ལུགས་ཚོགས་པའི་ཉིས་སྟོང་ཉི་ཤུའི་ལོའི་བྱ་བར་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཉིས་སྟོང་ཉེར་གཅིག་ལོའི་བྱ་བར་རེ་བ་བཏོན། ཁོང་གིས་བསྟན་དོན། ཆོས་ལུགས་ཚོགས་པ་སོ་སོའི་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རང་འགུལ་གྱི་སྒོ་ནས་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལས་དོན་ཆེན་པོའི་ཁྲོད་དུ་བསམ་གཞིགས་དང་བྱ་བར་འཆར་འགོད་བྱེད་པའི་ནུས་པ་འདོན་དགོས་ལ། དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བྱས་ཏེ་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་དུས་སྐབས་སུ་རང་རྒྱལ་གྱི་འཕེལ་རྒྱས་ཐད་མགོ་བཟང་བོ་ཞིག་ཚུགས་པར་སྟོབས་ཤུགས་འབུལ་དགོས། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བ་གོ་སྐབས་སུ་བྱས་ནས་རང་རྒྱལ་གྱི་ཆོས་ལུགས་ལས་རིགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་མཐུན་སྒྲིལ་མཉམ་ལས་དང་ཕྱར་བ་གྲུ་འདེགས་བྱེད་པའི་སྲོལ་རྒྱུན་བཟང་བོ་དར་སྤེལ་དུ་བཏང་ནས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་བྱས་ཏེ་ངེས་ཤེས་ལྔ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ལུགས་གསུང་རབ་ལ་ཞིབ་འཇུག་དང་རྒྱས་བཤད་བྱེད་པར་ཤུགས་བསྣན་ནས། རིམ་བཞིན་ཀྲུང་གོའི་ཁྱད་ཆོས་ཀྱི་ཆོས་ལུགས་བསམ་བློའི་མ་ལག་གྲུབ་པར་བྱས་ཏེ། ཆོས་ལུགས་སྔར་ལས་ལེགས་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་བྱེད་དགོས། ཆོས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུ་དེ་འབུར་ཐོན་གོ་གནས་སུ་འཇོག་པ་དང་། ཆོས་ལུགས་སློབ་གླིང་གི་ནུས་པ་གཙོ་བོ་སྔར་ལས་འདོན་སྤེལ་གང་ལེགས་བྱས་ནས། གཞི་ཁྱོན་ལུགས་མཐུན་ཡིན་པ་དང་སྤུས་ཀ་ཚད་ལྡན་ཡིན་པ། གོ་རིམ་ལུགས་མཐུན་ཡིན་པའི་ཆོས་ལུགས་ལས་སྒྲུབ་མི་སྣའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས། ནང་ཁུལ་གྱི་སྒྲིག་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ཆོས་ཁྲིམས་དོ་དམ་དང་རང་ཉིད་དོ་དམ་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ནས། ཆོས་ལུགས་ཀྱི་ཟང་ཟིང་སྣང་ཚུལ་སྣ་ཚོགས་ལ་འཐབ་རྩོད་བྱེད་པའི་ཁྲོད་ཀྱི་ཆོས་ལུགས་ཚོགས་པའི་ཤུགས་རྐྱེན་དང་གོང་བུར་འགྲིལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། ལོ་སར་སྐབས་སུ་རྒྱུན་སྲོལ་རང་བཞིན་གྱི་ཆོས་ལུགས་བྱ་འགུལ་གཅིག་བསྡུས་བྱེད་པ་དང་། རིམས་ནད་འགོག་སྲུང་རེ་བ་གཟབ་ནན་གྱིས་ལག་བསྟར་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་འདུ་འཛོམས་དང་འཁོར་རྒྱུགས་བྱེད་པ་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་པར་སྣེ་ཁྲིད་བྱེད་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་འབྲེལ་འདྲེས་བྱེད་པའི་སྒྲོག་ཐག་ལྟ་བུ་ཡིན། ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཆོས་ལུགས་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། ཆོས་ལུགས་ལས་རིགས་ཀྱི་མི་སྣའི་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཆོས་ལུགས་ལས་རིགས་ཀྱི་མཐུན་སྦྱོར་བརྗེ་རེས་ལ་ཤུགས་བསྣན་ནས། ཆོས་ལུགས་ཚོགས་པས་བྱ་བ་སྒྲུབ་པར་རྒྱབ་སྐྱོར་བྱེད་པ་དང་དོན་དངོས་ཀྱི་གནད་དོན་ཐག་གཅོད་པར་རོགས་འདེགས་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་བཞུགས་མོལ་ཚོགས་འདུར་ཞུགས། ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་ཀྲུང་གོའི་ཏོ་ཅོ་ཆོས་ལུགས་མཐུན་ཚོགས། ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས། ཀྲུང་གོའི་གནམ་བདག་ཆོས་ལུགས་རྒྱལ་གཅེས་ཚོགས་པ། ཀྲུང་གོའི་ཡེ་ཤུ་ཆོས་ལུགས་རང་གསུམ་རྒྱལ་གཅེས་ལས་འགུལ་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།




རྩོམ་སྒྲིག་པ། སྐལ་བཟང་རྒྱལ།