མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

སློབ་ཆུང་སློབ་མའི་ལས་བྱ་སློབ་གྲྭ་རུ་འགྲུབ་དགོས།

རྡོ་ཉི་ཟླས་བསྒྱུར།  2021-02-05 11:09:00  ཁྲིམས་ལུགས་ཚགས་པར།

སློབ་ཆུང་སློབ་མའི་ལས་བྱ་སློབ་གྲྭ་རུ་འགྲུབ་དགོས།

ཟླ2པའི་ཚེས4ཉིན། སློབ་གསོ་པུའུ་དྲ་བ་ཡིས་ཟླ1པོའི་ཚེས7ཉིན་སློབ་གསོ་པུའུ་པུའུ་ཀྲང་ཁྲིན་པའོ་ཧྲིན་གྱིས2021ལོའི་རྒྱལ་ཡོངས་སློབ་གསོ་བྱ་བའི་ཚོགས་འདུའི་སྟེང་གནང་བའི་གཏམ་བཤད་ཀྱི་ནང་དོན་ཀུན་ལ་བསྒྲགས།

ལོ་གསར་པའི་ནང་དུ། སློབ་གསོ་པུའུ་ཡིས་ཆུང་འབྲིང་སློབ་མའི་ལས་བྱ་དང་། གཉིད་ལོག་པའི་དུས་ཚོད། ཁ་པར། ཀློག་དེབ། ལུས་ཕུང་བཅས་ཀྱི་དོ་དམ་གནད་དུ་འཛིན་དགོས་ལ། ལས་བྱའི་མང་ཉུང་གི་ཐད་ནས། ཁྲིན་པའོ་ཧྲིན་གྱིས་སློབ་ཆུང་རིམ་པའི་ལས་བྱ་ངེས་པར་སློབ་གྲྭའི་ནང་ནས་འགྲུབ་དགོས་པ་དང་། དམའ་འབྲིང་རིམ་པའི་ལས་བྱ་སྦྱངས་དེབ་ལས་བརྒལ་མི་ཆོག་ཅིང་། མཐོ་འབྲིང་རིམ་པའི་ལས་བྱ་སྦྱང་བྱའི་མཚམས་ལས་བརྒལ་མི་རུང་། ཆུང་འབྲིང་སློབ་མའི་གཉིད་ལོག་པའི་དུས་ཚོད་ཀྱང་སློབ་གྲྭའི་དཔྱད་ཞིབ་ཀྱི་ཁོངས་སུ་འཇོག་དགོས་ཟེར།

ཆུང་འབྲིང་སློབ་མའི་ལས་བྱ་དང་། གཉིད་ལོག་པའི་དུས་ཚོད། ཁ་པར། ཀློག་དེབ། ལུས་ཕུང་བཅས་ཀྱི་དོ་དམ་གནད་དུ་འཛིན་པ་ནི2021ལོའི་སློབ་གསོ་པུའུ་ཡི་བྱ་བ་གཙོ་བོའི་གྲས་ཀྱི་གཅིག་ཡིན་ལ། ཁྲིན་པའོ་ཧྲིན་གྱིས་འདིའི་ཕྱོགས་ལ་བྱེ་བྲག་གི་བླང་བྱ་འགའ་བཏོན་ཡོད་པ་གཤམ་ལྟར།

དང་པོ། ལས་བྱའི་དོ་དམ། སློབ་ཆུང་རིམ་པའི་ལས་བྱ་ངེས་པར་སློབ་གྲྭ་ནང་ནས་འགྲུབ་དགོས་པ་དང་། དམའ་འབྲིང་རིམ་པའི་ལས་བྱ་སྦྱངས་དེབ་ལས་བརྒལ་མི་ཆོག་ཅིང་། མཐོ་འབྲིང་རིམ་པའི་ལས་བྱ་སྦྱང་བྱའི་མཚམས་ལས་བརྒལ་མི་རུང་། སློབ་གྲྭ་དང་ཁྱིམ་ཚང་གི་འགན་ཁུར་ཐ་དད་དུ་དབྱེ་ནས་མཉམ་དུ་སློབ་མའི་ལས་བྱ་རང་རྟོགས་ཀྱིས་འབྲི་བར་མཛུབ་སྟོན་བྱ་དགོས།

གཉིས་པ། གཉིད་ལོག་པ་སྟེ་ངལ་གསོའི་དོ་དམ་གྱི་ཕྱོགས་ནས། རང་རྒྱལ་གྱི་བྱིས་པའི་ཆ་སྙོམས་ཀྱི་གཉིད་ལོག་པའི་དུས་ཚོད་ལ་གཞིར་བཟུང་སྟེ། བྱིས་པ་རྣམས་ཀྱི་གཉིད་ལོག་པའི་དུས་ཚོད་འདང་དུ་འཇུག་དགོས།

གསུམ་པ། ཁ་པར་དོ་དམ་གྱི་ཕྱོགས་ནས། ཁ་པར་སློབ་ཁང་དུ་འཁྱེར་ཡོང་དུ་འཇུག་མི་རུང་ལ། དེ་དང་མཉམ་དུ་ཐབས་ལམ་སྣ་ཚོགས་བཀོལ་ཏེ་སློབ་མའི་སྐབས་བསྟུན་གྱི་ཁ་པར་རྒྱག་པའི་དགོས་མཁོ་སྐོང་དགོས།

བཞི་བ། ཀློག་དེབ་ཀྱི་ཆ་ནས། དཔེ་ཆ་འོས་སྦྱོར་བྱེད་པ་གཙོ་བོར་བཟུང་སྟེ། བསླབ་ཕྱིའི་དཔེ་ཆ་དང་བསླབ་དེབ་གྱི་དོ་དམ་གནད་དུ་འཛིན་དགོས།

ལྔ་བ། ལུས་ཕུང་གི་དོ་དམ། ལུས་ཕུང་བདེ་ཐང་ཅན་ཞིག་ཡོང་རྒྱུ་ནི་ཆུང་འབྲིང་སློབ་མའི་ལུས་པོའི་འཚར་ལོངས་དང་ཤེས་རིག་ཡོན་ཏན་སྦྱངས་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། འདི་ཉིད་ལུས་རྩལ་སློབ་གསོ་ཙམ་ཞིག་ཏུ་བརྩི་མི་རུང་བར་སློབ་གྲྭའི་དོ་དམ་གྱི་ནང་དོན་དུ་བཞག་ནས་ཕྱོགས་ཡོངས་ནས་སློབ་མའི་ལུས་སེམས་བདེ་ཐང་མཐོ་རུ་འདེགས་དགོས།



རྩོམ་སྒྲིག་པ། སྐལ་བཟང་རྒྱལ།