“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ཀྱི་འཕེལ་རྒྱས་དམིགས་འབེན།
“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ནི་རང་ཞིང་དང་རྒྱལ་ཡོངས་ཀྱིས་མཉམ་གཅིག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱུང་རྗེས། དགོས་བསྟུན་འཕྲལ་སྒྲུབ་ཀྱིས་གཏིང་ཟབ་སྒོས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་ཏུ་བསྟར་བ་དང་། མུ་མཐུད་དུ“དམིགས་བསལ་གཅིག་དང་མཐོ་བ་གཉིས”སྐུལ་འདེད་བཏང་སྟེ། མགོ་བརྩམ་ས་གསར་པ་ཞིག་ཏུ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པར་གོམ་པ་སྤོ་བའི་གནད་འགག་གི་ལོ་ལྔ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བའི“ཕྱོགས་གཉིས་སུ་སྐྱོད་པའི”འཐབ་ཇུས་བཀོད་སྒྲིག་དང་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བར་མགོ་བརྩམས་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་བགྲོད་ལམ་གསར་པའི་སྤྱིའི་བཀོད་སྒྲིག་ལྟར་དུ། འཐུས་ཚང་སྒོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་ལ་རྒྱལ་ཁ་ཆེན་པོ་བླངས་པའི་གྲུབ་འབྲས་གལ་ཆེན་དང་ཉམས་མྱོང་བཟང་བོ་སྤྱི་སྡོམ་བྱས་ཏེ། གཏིང་ཟབ་ཀྱིས་རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཁོག་འཕེལ་རྒྱས་ཁོར་ཡུག་དང་འཕེལ་རྒྱས་དུས་རིམ་གསར་པར་དབྱེ་ཞིབ་བྱེད་པ་དང་། གཏིང་ཟབ་ཀྱིས་འཕེལ་རྒྱས་ཀྱི་གནས་བབ་གསར་པའི་དུས་རབས་རེ་འདུན། གཅིག་གྱུར་འཕེལ་རྒྱས་དང་བདེ་འཇགས་ཁོང་དུ་ཆུད་དགོས། སྔར་ལས་ལྷག་པར་རྒྱལ་ཁབ་འཕེལ་རྒྱས་ལ་འབྲེལ་བའི་ལོ་རྒྱུས་འགན་འཁྲི་གལ་ཆེན་ལག་ཏུ་བསྟར་ཞིང་། སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་དུ་འདྲེས་པ་རྨང་གཞི་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མིའི་ཕྱོགས་ཡོངས་འཕེལ་རྒྱས་མངོན་འགྱུར་བྱེད་པ་དམིགས་འབེན་དུ་བཟུང་ནས། མུ་མཐུད་དུ་འཕེལ་རྒྱས་དགེ་མཚན་དང་མི་མངོན་ནུས་ཤུགས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་འདེགས་སྐྱོར་དུ་བྱ་དགོས།《ཀྲུང་གུང་མཚོ་སྔོན་ཏང་ཨུའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་དང་ཉིས་སྟོང་སོ་ལྔའི་རྒྱང་རིང་དམིགས་འབེན་སྒྲིག་བཟོ་གཏན་འབེབས་བྱེད་པའི་སྐོར་གྱི་གྲོས་གཞི》གཞིར་བཟུང་སྟེ། 《མཚོ་སྔོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་དང་ཉིས་སྟོང་སོ་ལྔའི་རྒྱང་རིང་དམིགས་འབེན་རྩ་གནད》སྒྲིག་བཟོ་བྱས་ཤིང་། གཙོ་བོ་འཕེལ་རྒྱས་འཐབ་ཇུས་གསལ་བཤད་དང་བྱ་བའི་གཙོ་གནད་ཡང་དག ཚོང་རའི་སྔོན་དཔག་སྣེ་ཁྲིད་བཅས་བཀོད་ཡོད་ལ། འབྱུང་འགྱུར་གྱི་ལོ་ལྔའམ་ཡང་ན2035ལོའི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་སྒོས་འབད་བརྩོན་བྱ་དགོས་པའི་དམིགས་འབེན་ཡིན།
“ལོ་ལྔའི་འཆར་འགོད་བཅུ་བཞི་བའི”དུས་སྐབས་ཀྱི་འཕེལ་རྒྱས་དམིགས་འབེན།
2035ལོའི་རྒྱང་རིང་དམིགས་འབེན་རྨང་རྡོ་རུ་བྱས་ཏེ། དམིགས་འབེན་གྱི་ཁྲིད་སྟོན་དང་གནད་དོན་གྱི་ཁྲིད་སྟོན། མཇུག་འབྲས་ཁྲིད་སྟོན་བཅས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། དྲང་སྐྱོང་དང་གསར་གཏོད་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས། རྒྱལ་ཡོངས་དང་མཉམ་དུ་མཐུན་སྦྱོར་འཕེལ་རྒྱས་རྒྱུན་འཁྱོངས་བཅས་བྱས་ཏེ། ཕྱིན་ཆད་ལོ་ལྔའི་ནང་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཤམ་གསལ་གྱི་དམིགས་འབེན་གཙོ་བོ་ཧུར་ཐག་གིས་མངོན་འགྱུར་བྱ་དགོས།
1. སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཆུ་ཚད་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་གཏོང་བ།
2. དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་གཏོང་བ།
3. དམངས་ཚིས་འགན་སྲུང་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་གཏོང་བ།
4. སྤྱི་ཚོགས་དཔལ་ཡོན་ཚད་གཞི་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་གཏོང་བ།
5. བཅོས་སྒྱུར་སྒོ་འབྱེད་གཏོང་ཚད་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་གཏོང་བ།
6. ས་གནས་བཅོས་སྐྱོང་ཕན་ནུས་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་གཏོང་བ།