འཐུས་མི་དངཨུ་ཡོན་རྣམས་ཀྱི་སེམས་གཏམ་ཐོར་བུ།
བཅོས་སྒྱུར་སྒོ་འབྱེད་བྱེད་པར་མི་དམངས་དཀྱིལ་སྙིང་དུ་འཛིན་དགོས།
འུན་ན་རི་ལུ། མཚོ་སྔོན་ཞིང་ཆེན་དམངས་ཆེན་འཐུས་མི། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཝུའུ་ཐུའུ་མའེ་རིན་ཤང་ཨུ་རི་ཐིན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི།
བཅོས་བསྒྱུར་སྒོ་འབྱེད་ཀྱིས་མི་དམངས་དཀྱིལ་སྙིང་དུ་བྱེད་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་དེ་མགོ་རྩོམ་སར་བརྩིས་ནས། མི་དམངས་མང་ཚོགས་ཀྱི་ཆེས་སེམས་ཁུར་བྱེད་ས་དང་དོན་དངོས་ཀྱི་དམངས་འཚོའི་གནད་དོན་ཐག་བཅད་དེ། དམངས་འཚོ་ལེགས་བཅོས་འགན་སྲུང་བྱེད་པ་དེ་འབུར་ཐོན་གྱི་གོ་གནས་སུ་འཇོག་པ་དང་། ཏན་ཏིག་གིས་དམངས་འཚོ་ལས་དོན་སོ་སོ་ལེགས་པོར་སྒྲུབ་ནས། མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་མཐོར་འདེགས་སུ་གཏོང་དགོས་ཟེར།
དྲ་ཐོག་དང་ཡུལ་དངོས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཀྲོའུ་ཡིའུ་ཡོན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན། ཀྲུང་གོའི་བཟོ་ཚོང་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་དྲ་རྒྱའི་དངུལ་རྩའི་པུའུ་ཡི་སྤྱི་གཉེར་བ་གཞོན་པ།
དེང་སྐབས། དྲ་རྒྱ་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོར་ཁྱབ་ཡོད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པར་ཞིང་ཆེན་ནང་ཁུལ་གྱི་ཕྱོགས་སོ་སོའི་དགོས་མཁོ་སྐོང་བ་དེ་མགོ་རྩོམ་ས་དང་རྐང་ཚུགས་སར་བཟུང་ནས། ཚན་རིག་དང་མཐུན་པའི་སྒོ་ནས་དྲ་ཐོག་དང་ཡུལ་དངོས་གཞི་གཅིག་ཅན་གྱི་དྲ་རྒྱའི་དཔལ་འབྱོར་མ་ལག་སྒྲིག་འཛུགས་བྱེད་པ་དེ་རྨང་གཞི་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་དྲ་ཐོག་དང་ཡུལ་དངོས་གཉིས་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་གྱི་རྣམ་པ་བཞི་མུ་མཐུད་དུ་གསོ་སྐྱོང་བྱེད་དགོས།
གློད་སྡོམ་ཞབས་གསུམ་གྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས།
ལི་ཧོང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་འཐུས་མི། དམངས་གཙོ་རྒྱལ་འཛུགས་ཚོགས་པ་ཟི་ལིང་གྲོང་ཁྱེར་ཨུ་ལྷན་གྱི་ཆེད་བསྐོས་ཀྲུའུ་རིན་ཨུ་ཡོན་གཞོན་པ།
དུས་རབས་གསར་བའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་གོ་རིམ་ཁྲོད། ཚོང་རའི་ཁྲིམས་སྐྱོང་དཔལ་འབྱོར་གྱི་གློད་སྡོམ་ཞབས་གསུམ་གྱི་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་གཏན་འཇགས་སྐྱོན་བྲལ་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་ཚོང་གཉེར་ཁོར་ཡུག་སྤུས་ལེགས་མཁོ་འདོན་བྱེད་དགོས། མགྱོགས་མྱུར་སྒོས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱས་ཏེ། སྲིད་གཞུང་གི་གློད་སྡོམ་ཞབས་གསུམ་གྱི་དམངས་ཕན་ནུས་མཐོའི་སྒྲིག་སྲོལ་སྒྲིག་འཛུགས་འཐུས་ཚང་དུ་བཏང་ནས། དམངས་གཉེར་ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས།
ཤུགས་ཆེན་པོས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས།
ཝུའུ་ཝུན་ཅའེ། ཞིང་ཆེན་སྲིད་གྲོས་ཨུ་ཡོན། མཁར་བྱང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།
མཚོ་སྔོན་ཞིང་ཆེན་གྱི་གྲངས་འཛིན་དཔལ་འབྱོར་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། མགྱོགས་མྱུར་ངང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱེད་ཐབས་དང་ཚད་གཞི་གཏན་འཁེལ་བྱས་ནས། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ལ་མཉམ་ལས་དང་། གྲངས་འཛིན་དཔལ་འབྱོ་ཐོན་ལས་གླིང་འཛུགས་སྐྲུན་བྱེད་པ། མགྱོགས་མྱུར་སྒོས་སྲིད་འཛིན་ཞབས་ཞུའི་གྲངས་འཛིན་ཅན་དང་བརྡ་འཕྲིན་ཅན་ལ་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱིས་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སྣེ་ཁྲིད་ཁེ་ལས་དང་མཉམ་ལས་བྱེད་པར་སྣེ་ཁྲིད་དེ། གྲངས་འཛིན་དཔལ་འབྱོར་སློབ་གླིང་དང་གསོ་སྦྱོང་རྟེན་གཞི་སྒྲུབ་ནས། རང་ཞིང་ལ་གྲངས་འཛིན་དཔལ་འབྱོར་གྱི་འཇོན་མི་གསོ་སྐྱོང་བྱེད་དགོས།
སྤུས་ཚད་མཐོ་བའི་རིག་གནས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་དགོས།
དབྱང་ཀྲུང་ལི། ཞིང་ཆེན་དམངས་ཆེན་འཐུས་མི། མཚོ་སྔོན་བྱམས་པ་གླིང་ཀ་རིག་གནས་གནས་སྐོར་ཐོན་ཁུངས་གསར་སྤེལ་མ་རྐང་ཚད་ཡོད་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་མགོ་འཛིན།
བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་ཁྲོད། མུ་མཐུད་དུ་ཞིང་སྡེའི་གནས་སྐོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། གོ་རིམ་ལྡན་པའི་ངང་ནས་གནས་སྐོར་ཚད་ལྡན་ཅན་འཛུགས་སྐྲུན་དང་། རིམ་བཞིན་ཁོངས་ཡོངས་གནས་སྐོར་དང་ཞིང་སྡེའི་གནས་སྐོར་རྣམ་པ་འཛུགས་སྐྲུན་བྱེད་པའི་དུས་མཚུངས་སུ། ཧུར་ཐག་གིས་རྒྱལ་ཁབ་རིམ་པའི་གནས་སྐོར་སྤྲོ་གསེང་ཁུལ་གསར་སྐྲུན་བྱེད་པའི་བྱ་བའི་ཁྲོད་ཞུགས་ནས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་སྤུས་ཚད་མཐོ་བའི་རིག་གནས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་དགོས།
ལྗང་མདོག་དངུལ་རྩའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཀའོ་ལི། ཞིང་ཆེན་སྲིད་གྲོས་ཨུ་ཡོན། མཚོ་སྔོན་ཐའེ་ཧྥིན་ལིའི་ནུས་རྒྱུ་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་མགོ་འཛིན།
ཁོར་ཡུག་དང་སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཕན་འབྲས་དང་། དུས་ཡུན་ཐུང་བ་དང་དུས་ཡུན་རིང་འབྲིང་གི་ཁེ་ཕན་བཅས་ལ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཏེ།དངུལ་རྩས་ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རང་སྟེང་གི་རྒྱུན་མཐུད་འཕེལ་རྒྱས་ཀྱི་འབྲེལ་བ་ཚན་རིག་དང་མཐུན་པའི་ཐག་གཅོད་བྱས་ནས། ལྗང་མདོག་དངུལ་རྩའི་འཁོར་རྒྱུག་ལེགས་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཚོང་ར་ཅན་དང་ཆེད་ལས་ཅན་གྱི་ལྗང་མདོག་དངུལ་རྩའི་འཁོར་རྒྱུག་དང་ལྟ་སྐུལ་དོ་དམ་རྣམ་པ་སྒྲིག་འཛུགས་བྱས་ནས། སྐུལ་ལྕག་རང་བཞིན་གྱི་ཚོད་འཛིན་སྒྲིག་སྲོལ་འཐུས་ཚང་དང་། རིགས་སོ་སོའི་དངུལ་རྩའི་སྡེ་ཁག་གི་གསར་གཏོད་དང་ལྗང་མདོག་དངུལ་རྩའི་ཞབས་ཞུའི་མ་ལག་འཕེལ་རྒྱས་སུ་གཏོང་བར་སྐུལ་མ་བྱེད་དགོས།