མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་དཔོན་པོའི་གྲོས་ཚོགས་ཟི་ལིང་ནས་འཚོགས་པ།

​རིན་ཆེན་མཚོས་བསྒྱུར།  2021-02-04 10:43:24 

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་དཔོན་པོའི་གྲོས་ཚོགས་ཟི་ལིང་ནས་འཚོགས་པ།

ཟླ1པོའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཞིབ་དཔྱོད་དཔོན་པོའི་གྲོས་ཚོགས་བསྡུས་ནས། 2020ལོའི་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བར་སྤྱི་སྡོམ་བྱས་པ་དང་། ད་ལོའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་པོ་མིན་ཡུང་ཧྲན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། 2020ལོར། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུ་དང་མཐོ་རིམ་ཞིབ་དཔྱོད་ཁང་གི་འགོ་ཁྲིད་བརྟན་པོའི་འོག ཆབ་སྲིད་གླེང་བ་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་པ་དང་། འཕེལ་རྒྱས་ལ་འཆར་འགོད་བྱས་ལ། རང་སྟོབས་རང་སྤེལ་བྱེད་པར་དོ་སྣང་བྱས་པ། འདུ་ཤེས་བསྒྱུར་བ་དང་འགན་འཁྲི་གཙོ་བོར་དམིགས་ནས། ཏང་གི་ཞིབ་དཔྱོད་བྱ་བའི་ཐད་ཀྱི་འགོ་ཁྲིད་སྔར་ལས་བརྟན་པོ་བྱས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ནས་གྲུབ་འབྲས་གསར་བ་བླངས་ལ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་ཁྲོད་མཐོར་འདེགས་བཏང་བ་དང་། བཅའ་ཁྲིམས་ལྟ་སྐུལ་ཐད་ནས་གསར་གཏོད་ཁྲོད་གྲུབ་འབྲས་གསར་བ་བླངས་ལ། ཁྲིམས་འཛིན་བཅོས་བསྒྱུར་སྲ་བརྟན་ཁྲོད་ཐོད་བརྒལ་གསར་བ་མངོན་འགྱུར་བྱས་པ་དང་། ཞིབ་དཔྱོད་དཔུང་སྡེ་ཡིས་དོ་དམ་ནན་མོ་ཁྲོད་སྣང་བརྙན་གསར་བ་བསྐྲུན་ལ། ཞིབ་དཔྱོད་བྱ་བ་སྣ་ཚོགས་དངོས་གཉེར་ཁྲོད་གསར་གཏོད་བྱས་པ་དང་ལག་བསྟར་ཟབ་མོ་བྱས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། 2021ལོར། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱེད་པ་དང་། ཞི་ཅིན་ཕིང་གི་བཅའ་ཁྲིམས་དགོངས་པ་སློབ་སྦྱོང་ཟབ་མོ་བྱེད་པ། རང་རྟོགས་སྒོས་ཞིབ་དཔྱོད་འགན་ནུས་ལག་བསྟར་བྱེད་པ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ལ་ཟུང་འབྲེལ་བྱེད་པ། ཏང་གི་ཞིབ་དཔྱོད་བྱ་བའི་ཐད་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ཀྱི་སྤྱིའི་བླང་བྱ་རྒྱུན་འཁྱོངས་བྱེད་པ། འདུ་ཤེས་དང་ཁྲིམས་སྐྱོང་བསམ་བློ། རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཁྲིད་ཕྱོགས་ལ་དོ་སྣང་བྱེད་པ། ཧུར་ཐག་གིས་ཞིབ་དཔྱོད་ཆེན་པོ་བཞི་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ་དང་། མུ་མཐུད་དུ་བྱ་བ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པ་དང་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མཚོ་སྔོན་གྱི་ས་གནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་ཡོད་ཀྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་པ་དང་། གྲུབ་འབྲས་བཟང་བོས་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།




རྩོམ་སྒྲིག་པ། སྐལ་བཟང་རྒྱལ།