མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཝང་ཅན་ཅུན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་རྨ་ལྷོ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

བཀྲ་ཤིས་འབུམ་གྱིས་བསྒྱུར།  2021-02-04 10:39:31 

ཝང་ཅན་ཅུན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་རྨ་ལྷོ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

ཟླ2པའི་ཚེས1ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་རྨ་ལྷོ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་སྟོན་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། མིའི་ཁྱོན་ཡོངས་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་ཡར་ཐོན་ཡོང་བར་རྨང་གཞི་བརྟན་པོ་འདིང་བར་དམིགས་ཏེ། མཉམ་དུ་ཕྱུག་པོར་གྱུར་བའི་རྨ་ལྷོའི་དཔེ་མཚོན་གསར་སྐྲུན་བྱེད་དགོས།

གྲོས་ཞིབ་བྱེད་སྐབས། ཝང་ཀྲིན་ཁྲང་དང་བསྟན་འཛིན། ཆོས་བཟང་སྒྲོལ་མ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། ཝང་ཀྲིན་ཧྭ། རིན་ཆེན་སྒྲོལ་མ། ཝང་ཞའོ་ཧྭ། ཀུན་འགྲུབ་ཚེ་རིང་སོགས་འཐུས་མི་ཡིས་ས་གནས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་དང་རིག་གནས་གནས་སྐོར་མཉམ་བསྲེས། དམིགས་བསལ་སློབ་གསོའི་ལས་དོན། ཆོས་ལུགས་དགོན་སྡེ་ཁག་གི་དོ་དམ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། ཞང་སྡེ་དར་སྤེལ་ལ་སྐུལ་འདེད་གཏོང་བ། སྨན་བཅོས་འཕྲོད་བསྟེན་བཅོས་སྒྱུར། སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་སོགས་ལ་དམིགས་ནས་གཏམ་བཤད། ཝང་ཅན་ཅུན་གྱིས་འཐུས་མི་རྣམས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལས་ཆབ་སྲིད་སྐྱོང་ཞིང་ཁྲིམས་སྐྱོང་གཙོར་བཟུང་བ་དང་གསར་སྐྲུན་བྱེད་མཁས་པར་བྱས་ཡོད་ལ། ཞིང་ཆེན་སྲིད་གཞུང་བྱ་བའི་སྙན་ཞུ་ལས་གོང་འོག་སྦྲེལ་མཐུད་བྱས་ཤིང་རྣམ་པ་རྒྱ་ཆེ་བ་དང་མིག་རྒྱང་རིང་བར་བྱས་ཡོད་པ་དང་། ཞིང་ཆེན་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བའི་སྙན་ཞུ་ལས་ཁྲིམས་གཞི་སྐྱོང་ཞིང་བདེན་ལུགས་བརྗོད་པ་དང་གནས་ལུགས་བཤད་ཡོད་པ་བཅས་ལས་ཏང་ཀྲུང་དབྱང་གི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གང་ལེགས་སྒོས་མཚོན་པར་བྱས་ཡོད་ལ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་ཕྱོགས་གང་ལེགས་སྒོས་མཚོན་པར་བྱས་ཡོད་པ་དང་། དེང་སྐབས་རྒྱང་རིང་ལ་དམིགས་པར་རྐང་བཙུགས་ཡོད་པ་གང་ལེགས་སྒོས་མཚོན་ཡོད།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོ་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། རྨ་ལྷོའི་རི་ཆུ་ལས་མིང་བྱང་བཟང་བོ་ཞིག་བསྐྲུན་པ་དང་ཁུལ་གསུམ་འཛུགས་སྐྲུན་ལས་ཐབས་ལམ་གསར་བ་ཞིག་བརྙེད་ལ། དབུལ་ཐར་མཁྲེགས་གཏོར་ལས་གྲུབ་འབྲས་བཟང་བོ་བླངས་ཤིང་། རྨང་གཞི་སྲ་བརྟན་དུ་བཏང་བ་ལས་སྣང་ཚུལ་བཟང་བོ་ཞིག་གསར་སྐྲུན་བྱས་ཡོད། དེ་ནི་ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ས་ཁུལ་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བའི་བསྡུས་གཟུགས་ཤིག་ཡིན། གྲུབ་འབྲས་ཆེན་པོ་བླངས་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་དང་འབྲལ་ཐབས་མེད་པ་དང་། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་བོ་དང་འབྲལ་ཐབས་མེད་ལ། རྨ་ལྷོའི་ཏང་སྲིད་འགོ་ཁྲིད་ཚན་ཁག་གིས་སེམས་ཤུགས་གཅིག་སྒྲིལ་བྱས་པ་དང་འབྲལ་ཐབས་མེད་པར་མ་ཟད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པ་དང་འབྲལ་ཐབས་མེད་ཟེར།


                                                                                            


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།