ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་མཐར་ཕྱིན་བྱེད་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུ་གྲོས་ཚོགས་བསྡུས་པ།
ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་བཀོད་སྒྲིག་བླང་བྱ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱེད་པའི་དཔེ་ཀློག་འཛིན་གྲྭའི་ཇུས་གཞིའི་བཀོད་སྒྲིག་གཞིར་བཟུང་སྟེ། ཟླ་1པོའི་ཚེས12ཉིན། ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་མཐར་ཕྱིན་བྱེད་པའི་ཆེད་དོན་ཟུར་ཁྲིད་སྙན་ཞུ་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་དམངས་ཆེན་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱང་མུའུ་ཧྥེ་ཡིས་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཕུལ།
ཚང་མས་མགྲིན་གཅིག་ཏུ་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་བྱས་ནས་ཁོང་དུ་ཆུད་པར་བྱེད་པ་དང་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གླེང་བ་ཞེས་པའི་ལེའུ་གསུམ་པར་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་དང་གཞི་གཅིག་ཏུ་སྦྲེལ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་སྔར་ལས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་དང་ཟུང་དུ་སྦྲེལ་བ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་དང་གཞི་གཅིག་ཏུ་སྦྲེལ་བ་བཅས་བྱས་ནས་། སློབ་སྦྱོང་གི་རྣམ་པ་རྒྱ་བསྐྱེད་པ་དང་སློབ་སྦྱོང་གི་ཕན་འབྲས་ལ་ཁག་ཐེག་བྱེད་པ། སློབ་སྦྱོང་གཏིང་ཟབ་དང་སློབ་སྦྱོང་སེམས་སུ་ཟུག་པར་བྱེད་པ། སློབ་སྦྱོང་དོན་ལྡན་བཅས་བྱེད་དགོས།