མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཕྱོགས་ཡོངས་ནས་ནགས་དཔོན་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་དཔར་ནས་བཀྲམས་པ།

  2021-01-14 15:47:47  གངས་ལྗོངས་མེ་ལོང་།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཕྱོགས་ཡོངས་ནས་ནགས་དཔོན་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་དཔར་ནས་བཀྲམས་པ། 

ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་ཕྱོགས་ཡོང་ནས་ནགས་དཔོན་ལམ་ལུགས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་དཔར་ནས་བཀྲམས། 

བསམ་འཆར་ལས་བསྟན་དོན། ནགས་ཚལ་དང་རྩྭ་ས་ནི་རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེན་ཡིན་ཞིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཡར་སྐུལ་གཏོང་བའི་ཐད་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ནུས་པ་ཐོན་ཡོད། རི་ཆུ་ནགས་ཚལ་དང་། ཞིང་ས། མཚོ་དང་མཚེའུ། རྩྭ་ས་བཅས་ཀྱི་མ་ལག་བཅོས་སྐྱོང་གི་རེ་བ་གཞིར་བཟུང་སྟེ། རྒྱལ་ཡོངས་སུ་ནགས་དཔོན་ལམ་ལུགས་ཁྱབ་གདལ་དུ་གཏོང་བ་དང་། ས་གནས་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་ནགས་ཚལ་དང་རྩྭ་སའི་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་པའི་དམིགས་འབེན་འགན་འཁྲི་གཏན་འཁེལ་གསལ་པོ་བྱེད་པ། ཏང་སྲིད་ཀྱི་འགན་གཅིག་ཏུ་ཁུར་བ་དང་གར་གཏོགས་ས་ཁུལ་གྱིས་འགན་ཁུར་བ། སྡེ་ཁག་གིས་རོགས་འདེགས་བྱེད་པ། རྩ་བ་ནས་བཅོས་སྐྱོང་བྱེད་པ། ས་ཁོངས་ཧྲིལ་བོར་ཁེབས་པར་བྱེད་པའི་ནུས་ཡུན་རིང་བའི་རྐྱེན་སྲོལ་བཚུགས་ཏེ། སྐྱེ་ཁམས་དཔལ་ཡོན་དང་མཛེས་སྡུག་གི་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། 

བསམ་འཆར་ལས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོས་སྤྱིའི་ནགས་དཔོན་བཀོད་སྒྲིག་བྱས་ནས་ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་ཁུར་དུ་ལེན་པ་དང་། སྤྱིའི་ནགས་དཔོན་གཞོན་པ་བཀོད་སྒྲིག་བྱས་ནས་ཞིང་ཆེན་རིམ་པའི་འགན་ཁུར་བློ་མཐུན་གྱིས་ཁུར་དུ་ལེན་དགོས་ལ། ས་ཁོངས་དང་ཡུལ་ལུང་སོ་སོར་དགར་ནས་འགན་ཁུར་བ་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་སོས་དོན་དངོས་གནས་ཚུལ་ལ་གཞིགས་ཏེ། གྲོང་ཁྱེར་དང་རྫོང་། ཡུལ་ཚོ་བཅས་རིམ་པ་སོ་སོའི་ནགས་དཔོན་བཀོད་སྒྲིག་བྱས་ཆོག 

བསམ་འཆར་ལས་ད་རུང་ནགས་ཚལ་དང་རྩྭ་སའི་ཐོན་ཁུངས་སྐྱེ་ཁམས་ཀྱི་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་། ནགས་ཚལ་དང་རྩྭ་སའི་ཐོན་ཁུངས་སྐྱེ་ཁམས་ཀྱི་སླར་གསོར་ཤུགས་སྣོན་པ། ནགས་ཚལ་དང་རྩྭ་སའི་ཐོན་ཁུངས་ཀྱི་གནོད་འཚེའི་འགོག་སྲུང་ལ་ཤུགས་སྣོན་པ། ནགས་ཚལ་དང་རྩྭ་སའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ནགས་ཚལ་དང་རྩྭ་སའི་ཐོན་ཁུངས་ཀྱི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་པ། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་རེ་བ་བཏོན་ཡོད། 


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།