མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལོ་འདི་འགར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་འདི་ལྟར་བཀོད་སྒྲིག་གནང་བ།

ཡོས་བུ།  2021-01-11 16:24:56  ཁྲིམས་ལུགས་ཚགས་པར།

ལོ་འདི་འགར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ཐད་འདི་ལྟར་བཀོད་སྒྲིག་གནང་བ།

     སྔར་ལས་ལྷག་པར་མ་ལག་ཚང་བའི་འདུ་ཤེས་ཀྱི་ཁྲིམས་སྐྱོང་རིགས་ལམ་གྱིས་ཁ་ཕྱོགས་བརྟན་པོ་བྱེད་པར་མཐོང་ཆེན་བྱས་ནས། དོན་དངོས་ཀྱིས་སྲིད་ཁྲིམས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།

---2021ལོའི་ཟླ1པོར་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།

     ནུས་ཤུགས་ཡོད་རྒུས་སྲིད་ཁྲིམས་ལས་དོན་གྱི་དེང་རབས་ཅན་ཆུ་ཚད་མཐོར་འདེགས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་བྱ་དགོས།

---2020ལོའི་ཟླ1པོར་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།

       ཕྱོགས་ཡོངས་ནས་གཏིང་ཟབ་སྒོས་དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་སོ་སོ་ལེགས་པོར་བསྒྲུབས་ཏེ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་ལ་སྐུལ་འདེད་དང་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་ཁག་ཐེག་བྱ་དགོས།

      ---2019ལོའི་ཟླ1པོར་ སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།

     མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་ལག་བསྟར་བཟང་བོ་བྱེད་པ། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་འཇགས་ཁག་ཐེག་བྱེད་པ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་ལ་སྐུལ་འདེད་གཏོང་བ། མི་དམངས་བདེ་སྡོད་ལས་བརྩོན་གྱི་འགན་འཁྲི་གཙོ་བོ་ཁག་ཐེག་བྱ་དགོས།

---2018ལོའི་ཟླ1པོར་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།

       ཉེན་ཁ་འགོག་སེལ་བྱས་ཏེ་ཞབས་ཕྱི་འཕེལ་རྒྱས་གཏོང་བ་དང་། དཀའ་གནད་གཙང་སེལ་བྱས་ཏེ་མི་འདང་སར་ཁ་བསྐང་དགོས་ཤིང་། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ཀྱི་ནུས་པའམ་ཆུ་ཚད་མཐོར་འདེགས་གཏོང་དགོས།

---2017 ལོའི་ཟླ1པོར་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།

       སྲིད་ཁྲིམས་ལས་དོན་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་བཞག་སྟེ་ཇུས་འགོད་བྱེད་པ། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བདེ་འགོད་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ལག་བསྟར་བཟང་བོ་བྱེད་པ།

---2015 ལོའི་ཟླ1པོར་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།

       གཟབ་ནན་གྱིས་ཁྲིམས་བསྟར་དྲང་བདེན་དང་ཁྲིམས་འཛིན་གཏིང་ཟབ་བཅོས་སྒྱུར་བྱེད་པ་རྒྱུན་འཁྱོངས་དང་། སྤྱི་ཚོགས་འདྲ་མཉམ་དྲང་གཞག་ལ་སྐུལ་འདེད་དང་མི་དམངས་བདེ་སྡོད་ལས་བརྩོན་ལ་ཁག་ཐེག་བྱ་དགོས།

---2014 ལོའི་ཟླ1པོར་སྲིད་ཁྲིམས་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་།

       མི་དམངས་ཀྱི་སྤྱིའི་བདེ་འཇགས་དང་ཁྲིམས་འཛིན་དྲང་བདེན་གྱི་ཁེ་ཕན་འགན་སྲུང་གི་རེ་སྒུག་གསར་པར་བསྟུན་པ་དང་། ནུས་ཤུགས་ཡོད་རྒུས་བདེ་འཇགས་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོའི་ཕུལ་བྱུང་རུ་དཔུང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས།


---2013ལོའི་ཟླ1པོར། རྣམ་པ་གསར་པའི་འོག་གི་སྲིད་ཁྲིམས་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།