མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཀྲུང་གུང་ཀྲུང་དབྱང་གིས2020ལོ་ནས2025ལོའི་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གྱི་འཆར་འགོད་ཅེས་པ་དཔར་ནས་བཀྲམས་པ།

  2021-01-11 16:20:46  གངས་ལྗོངས་མེ་ལོང་།

ཀྲུང་གུང་ཀྲུང་དབྱང་གིས2020ལོ་ནས2025ལོའི་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གྱི་འཆར་འགོད་ཅེས་པ་དཔར་ནས་བཀྲམས་པ།

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས2020ལོ་ནས2025ལོའི་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གྱི་འཆར་འགོད་ཅེས་པ་དཔར་ནས་བཀྲམས་པར་མ་ཟད། བརྡ་ཐོ་བཏང་སྟེ། ས་གནས་དང་སྡེ་ཁག་སོ་སོས་དངོས་ཡོད་དང་ཟུང་དུ་སྦྲེལ་བའི་སྒོ་ནས་དངོས་འབེབས་མཐར་ཕྱིན་བྱེད་དགོས་པའི་བླང་བྱ་བཏོན།

འཆར་འགོད་ཁྲོད་བསྟན་པའི་མཛུབ་སྟོན་བསམ་བློ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོ་རུ་བསྒྲེངས་ཏེ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱེད་པ། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དངོས་འབེབས་དོན་འཁྱོལ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་པ། ཏང་གི་མགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག   ཁྲིམས་ལྟར་རྒྱབ་ཁབ་སྐྱོང་བ་བཅས་ཀྱི་མཐུན་སྦྱོར་གཅིག་བསྡུས་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ངང་སྐྱོད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱེད་པ། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་གནད་དོན་འབུར་ཐོན་ཐག་གཅོད་བྱེད་རྒྱུ་ཤུགས་འདོན་སར་བརྩི་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་བསྐྲུན་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་བསྐྲུན་པ། ཁྲིམས་སྐྱོང་བགྲོད་ལམ་སྟེང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། ཏང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་སྲིད་དབང་འཛིན་པའི་ནུས་པ་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་ཆེད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱ་རྒྱུ་དེ་རེད།

འཆར་འགོད་ལས་བསྟན་དོན། ཁྲིམས་སྐྱོང་ཀྲུང་གོ་བསྐྲུན་པར་བཅའ་ཁྲིམས་ཚད་ལྡན་ཡིན་པ་དང་ཚན་རིག་དང་མཐུན་ལ་འཐུས་སྒོ་ཚང་བའི་གཅིག་གྱུར་མངོན་འགྱུར་བྱ་དགོས་ལ། ཁྲིམས་འཛིན་གྱི་དྲང་བདེན་ཕན་མཐོའི་དབང་ཟིལ་ལག་བསྟར་བྱེད་པ། དབང་ཆ་འཁོར་རྒྱུག་ལ་ཕན་ལྡན་གྱི་ཚོད་འཛིན་ལྟ་སྐུལ་ཐེབས་པ། མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བརྩི་མཐོང་དང་འགན་སྲུང་གང་ནུས་བྱེད་པ། ཁྲིམས་སྐྱོང་དད་མོས་ཡོངས་ཁྱབ་ངང་གྲུབ་པར་བྱེད་པ་བཅས་བྱས་ཏེ། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་།  ཁྲིམས་སྐྱོང་སྤྱི་ཚོགས་བཅས་ཁྱོན་ཡོངས་ནས་བསྐྲུན་དགོས་ཟེར།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།