མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

བློ་མཐུན་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་རྒྱུན་འཁྱོངས་བྱེད་པ་གླེང་བ་ཞེས་པའི་དཔེ་ཆ་པར་བསྐྲུན་འགྲེམ་སྤེལ་བྱས་པ།

  2020-12-21 17:20:21 

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ཞིབ་འཇུག་གླིང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་རྒྱུན་འཁྱོངས་བྱེད་པ་གླེང་བ་ཞེས་པའི་དཔེ་ཆ་དེ་ཉེ་སྔོན་ཀྲུང་དབྱང་ཚད་ལྡན་ཡིག་ཆའི་དཔར་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

ཆེད་དོན་གསུང་རྩོམ་ཕྱོགས་སྒྲིག་དེར་བློ་མཐུན་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་རྒྱུན་འཁྱོངས་བྱེད་པ་དང་འབྲེལ་བའི་མ་རྩོམ་གལ་ཆེན་ང་བཞི་བསྡུས་ཡོད་པ་དང་། དེའི་ནང་མ་རྩོམ་མང་ཆེ་བ་ནི་ཐོག་དང་པོར་ཡོངས་བསྒྲགས་བྱས་པ་རེད།

ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཆེ་ཕྱོགས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཐད་ཐབས་ཇུས་བཀོད་སྒྲིག་རབས་དང་རིམ་པ་བཏོན་ཏེ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་འབྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་བཏང་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་རྒྱལ་སྐྱོང་ལ་དམིགས་ཏེ་དཔྱད་བརྗོད་གལ་ཆེན་རབས་དང་རིམ་པ་སྤེལ་ཡོད་པ་དང་། དུས་རབས་གསར་པར་ཅིའི་ཕྱིར་ཕྱོགས་ཡོངས་ནས་རྒྱལ་སྐྱོང་ལག་བསྟར་བྱེད་པ་དང་། ཇི་ལྟར་ཕྱོགས་ཡོངས་ནས་རྒྱལ་སྐྱོང་ལག་བསྟར་བྱེད་པ་སོགས་གནད་དོན་གལ་ཆེན་དག་ལ་ལན་ཟབ་མོ་བཏབ་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་གྲུབ་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ནང་དོན་ཕུན་སུམ་ཚོགས་པ་དང་དཔྱད་བརྗོད་གཏིང་ཟབ་ལ། རིགས་ལམ་གསལ་པོ་དང་མ་ལག་འཐུས་ཚང་ཡིན། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་ཀྱི་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་པ་ཞིག་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་གཞི་རྩའི་རྩ་འཛིན་དང་འགུལ་སྐྱོད་ཁ་ཕྱོགས་ཡིན་པ་རེད། བློ་མཐུན་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་རྒྱུན་འཁྱོངས་བྱེད་པ་གླེང་བ་ཞེས་པའི་དཔེ་ཆ་པར་བསྐྲུན་འགྲེམ་སྤེལ་བྱས་པ་དེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་གསར་པ་མགོ་རྩོམ་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པ་རེད།


རྩོམ་སྒྲིག་པ། 南夸才让