མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལིས་ཀྲན་ཧྲུའུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བདུན་པའི་བཞུགས་མོལ་ཚོགས་འདུར་ཞུགས་པ།

  2020-12-08 17:56:05  གངས་ལྗོངས་མེ་ལོང་།

ལིས་ཀྲན་ཧྲུའུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བདུན་པའི་བཞུགས་མོལ་ཚོགས་འདུར་ཞུགས་པ།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གིས་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཁྲིམས་འཛིན་པུའུ་དང་མཉམ་དུ། པེ་ཅིང་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་བཅས་གཏིང་ཟབ་བྱས་ཏེ། རྩ་ཁྲིམས་སྲོག་ཤིང་ཡིན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་ཞེས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། དེའི་ནང་གི་རྩ་ཁྲིམས་སྐོར་གྱི་རྒྱས་བཤད་གལ་ཆེན་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་པ། རྩ་ཁྲིམས་ཀྱི་དགོངས་དོན་དར་སྤེལ་གཏོང་བ་དང་། རྩ་ཁྲིམས་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་རྩ་ཁྲིམས་ཀྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན།  ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་དེའི་ཁྲོད་ཀྱི་རྩ་ཁྲིམས་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས། རྩ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྩ་ཁྲིམས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་གྱིས་ཚན་རིག་དང་མཐུན་པའི་རྩ་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་ཞིག་གྲུབ་པར་བྱས་ཡོད་དེ། གཅིག་ནས་རང་རྒྱལ་རྩ་ཁྲིམས་ཀྱི་རྩ་བའི་ཆབ་སྲིད་རྩ་དོན་རྒྱས་བཤད་གཏིང་ཟབ་བྱས་ཡོད། གཉིས་ནས་རང་རྒྱལ་གྱི་རྩ་ཁྲིམས་བླ་ན་མེད་པའི་ཁྲིམས་ལུགས་ཀྱི་གོ་གནས་རྒྱས་བཤད་གཏིང་ཟབ་བྱས་ཡོད། གསུམ་ནས་རང་རྒྱལ་རྩ་ཁྲིམས་ཀྱི་མི་དམངས་ཀྱི་ཁྱད་ཆོས་རྒྱས་བཤད་གཏིང་ཟབ་བྱས་ཡོད། བཞི་ནས་རང་རྒྱལ་རྩ་ཁྲིམས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་རྒྱས་བཤད་གཏིང་ཟབ་བྱས་ཡོད། ལྔ་ནས་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་རང་རྒྱལ་རྩ་ཁྲིམས་ཀྱི་ནུས་པ་རྒྱས་བཤད་གཏིང་ཟབ་བྱས་ཡོད། དྲུག་ནས་རང་རྒྱལ་གྱི་རྩ་ཁྲིམས་ལག་བསྟར་བྱེད་པའི་ལྟ་སྐུལ་ནང་རྐྱེན་རྒྱས་བཤད་གཏིང་ཟབ་བྱས་ཡོད། བདུན་ནས་རང་རྒྱལ་གྱི་རྩ་ཁྲིམས་ལག་བསྟར་འགན་སྲུང་བྱེད་ཐབས་རྒྱས་བཤད་གཏིང་ཟབ་བྱས་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་རྩ་ཁྲིམས་དགོངས་དོན་ནི་ངོ་བོའི་ཆ་ནས་གཅིག་པ་ཡིན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་རྩ་འཛིན་དང་སྤྱིའི་བསྲུང་བྱ་ཡིན་པར་མ་ཟད། དེ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་ལས་བྱུང་བ་ཡིན་པས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཡང་མཛུབ་སྟོན་གྱི་ནུས་པ་ཆེན་པོ་ལྡན་ཡོད་ཟེར།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།