མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱི་ཞབས་ཕྱི་འགན་ལེན་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམ་བསྐོའི་བྱ་བའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

ཡོས་བུ།  2020-12-07 15:34:26  ཁྲིམས་ལུགས་ཚགས་པར།

ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱི་ཞབས་ཕྱི་འགན་ལེན་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམ་བསྐོའི་བྱ་བའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས་བརྙན་འཕྲིན་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་དང་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམ་བསྐོའི་བྱ་བའི་མཛུབ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་སྐབས་བརྗེའི་འདེམས་བསྐོའི་བྱ་བར་ཞབས་ཕྱི་འགན་ལེན་བྱེད་པའི་ལས་འགན་བཀོད་སྒྲིག་བྱས་པ་རེད།

གྲོས་ཚོགས་སྟེང་དུ། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་བསམ་བློའི་ངོས་འཛིན་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་བཟོས་ཏེ། ཏན་ཏིག་གིས་སྐབས་བརྗེའི་འདེམ་བསྐོའི་བྱ་བར་ཞབས་ཕྱི་དང་འགན་སྲུང་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ བཏང་སྟེ། རང་ཉིད་ཀྱི་འགན་ཚད་ཡང་དག་འཚོལ་བ་དང་། རང་འགུལ་ངང་འགན་འཁྲི་འཁུར་བ། ཁྲིམས་ལྟར་རང་འགན་གཙང་སྒྲུབ་བཅས་བྱས་ཏེ་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམ་བསྐོའི་ཆེད་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་དང་། ནུས་ལྡན་ སྤུས་ལེགས་ཀྱི་བཅའ་ཁྲིམས་ཞབས་ཕྱི། སྲ་བརྟན་བེད་ཆེའི་ཁྲིམས་སྐྱོང་འགན་ལེན་བཅས་བྱ་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ཏེ། ཞིབ་ཕྲའི་བྱ་ཐབས་དང་ཐབས་ལམ་ཞིབ་འཇུག་དང་གཏན་འབེབས་བྱས་ནས་འགན་འཁྲི་གཙོ་བོ་གཟབ་ནན་ཏུ་གཏོང་བ་དང་། ལྟ་སྐུལ་སློབ་སྟོན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། སྐབས་བརྗེའི་འདེམ་བསྐོའི་ལས་དོན་ལ་ཞབས་ཕྱི་དང་འགན་སྲུང་བྱེད་པའི་ཐད་བྱ་ཐབས་དངོས་སྤྱོད་པ་དང་བྱ་སྤྱོད་དངོས་སྤེལ་ཏེ། སྤྱི་ཚོགས་བརྟན་བརླིང་གི་ཉེན་ཁ་སྔོན་འགོག་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་པ་དང་། ཆབ་སྲིད་དང་བཅའ་ཁྲིམས། སློབ་གསོ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱད་དེ། བརྟན་བརླིང་མིན་པའི་རྒྱུ་རྐྱེན་དང་འགལ་བ། ཉེན་ཁ་སྣ་ཚོགས་མགོ་ཁུངས་ནས་ཐག་གཅོད་དང་གཞི་རིམ་ནས་སེལ་གང་ཐུབ་བྱ་དགོས་པ་དང་། “བཟོད་སྒོམ་གཏན་ནས་མེད་པའི”རྣམ་འགྱུར་དང་ཆོད་སེམས་རྒྱུན་འཁྱོངས་བྱས་ཏེ། ཁྱིམ་རྒྱུད་དང་རུས་རྒྱུད། ཆོས་ལུགས། ནག་ཕྱོགས་སྟོབས་ཤུགས་བཅས་ཀྱིས་སྐབས་བརྗེའི་འདེམ་བསྐོའི་བྱ་བར་འགལ་རྐྱེན་བཟོ་བ་དང་། ཚོད་འཛིན་བྱེད་པ། འགོག་རྐྱེན་བཟོ་བ་བཅས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་དང་རྡུང་རྡེག་ནན་པོ་བཏང་སྟེ། “བཅའ་ཁྲིམས་བདུན་སྐྱེལ”གཞི་འཛིན་ས་བྱས་ཏེ། གཞི་རིམ་དུ་ཟབ་ཞུགས་བྱས་ནས《འདེམ་བསྐོའི་བཅའ་ཁྲིམས》དང་། 《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་རྒྱ་ཁྱབ་ཏུ་དྲིལ་སྒྲོག་བྱས་ཏེ། ཁྲིམས་ལྟར་འདེམ་བསྐོའི་ཁོར་ཡུག་ཡག་པོ་བསྐྲུན་ནས། སྒྲིག་བཤེར་ལྟ་ཞིབ་དང་། རྩ་འཛུགས། དམངས་སྲིད་སོགས་སྡེ་ཚན་དང་མཉམ་ལས་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་འཐུས་མི་འདེམ་བསྐོའི་འགག་སྒོ་ཡག་པོ་སྲུང་དགོས་པའི་སྐོར་ནས་བླང་བྱ་བཏོན་པ་རེད།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།