མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རང་ཞིང་ནས2020ལོའི་ཐིང་རིམ་པའི་ལས་བྱེད་པའི་ཁྲིམས་སྐྱོང་འཆད་ཁྲིད་བཙུགས་པ།

  2020-12-04 17:19:24  སྲིད་གཞུང་དྲ་བ།

རང་ཞིང་ནས2020ལོའི་ཐིང་རིམ་པའི་ལས་བྱེད་པའི་ཁྲིམས་སྐྱོང་འཆད་ཁྲིད་བཙུགས་པ།

ཟླ12པའི་ཚེས3ཉིན། “རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ”ཐེངས་བདུན་པ་དང“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”ཐེངས་གསུམ་པ་བསླེབ་ལ་ཉེ་སྐབས་འདིར། ཞིང་ཆེན་ཏང་ཨུས་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲུང་ཁྲིམས་ལུགས་ཁྱབ་གདལ་མཐུན་སྦྱོར་ཚོ་ཆུང་དང་། ཞིང་ཆེན་ཁྲིམས་འཛིན་ཐིང་གི་མཚོ་སྔོན་ཞིང་ཆེན་གྱི2020ལོའི་ཐིང་རིམ་པའི་ལས་བྱེད་པའི་ཁྲིམས་སྐྱོང་འཆད་ཁྲིད་བཙུགས་ཤིང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར་གྱི་ཐིང་རིམ་པའི་ལས་བྱེད་པ200ལྷག་ཞུགས་ཡོད་པ་རེད།

ཚོགས་འདུའི་ཉིན་དེར་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་ནང་ཞུགས་མཁན་ཏེ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཁྲིམས་རིག་ཞིབ་འཇུག་སུའོ་དམངས་ཁྲིམས་ཞིབ་འཇུག་ཁང་གི་ཀྲུའུ་རེན་འབུམ་རམས་པ་ཤེ་ཧུང་ཧྥེས《〈དམངས་དོན་གཞུང་གཞུང〉རྩོམ་སྒྲིག་བྱས་པའི་བརྒྱུད་རིམ་དང་། དོན་སྙིང་། ནང་དོན། དུས་རབས་རང་བཞིན》ཞེས་པ་བརྗོད་བྱས་བཟུང་ནས། དམངས་དོན་ཁྲིམས་གཞུང་གི་རྩོམ་སྒྲིག་བརྒྱུད་རིམ་དང་གཞི་རྩའི་གྲུབ་ཚུལ། ནང་དོན་དང་། དོན་སྙིང་། རིན་ཐང་གཉེར་ཕྱོགས་བཅས་དང་། འཛམ་གླིང་རང་བཞིན། ཀྲུང་གོའི་རང་བཞིན། དུས་རབས་རང་བཞིན་བཅས་ཕྱོགས་བཞིའི་ཐད་ནས་འགྲེལ་བཤད་ཁ་གསལ་བརྒྱབ་པ་རེད།

གྲོས་ཚོགས་ཀྱིས་བསྟན་དོན། ཉེ་སྔོན་འཚོགས་པའི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་ཚོགས་འདུ་དེས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་བྱས་ཡོད། ཐིང་རིམ་པའི་ལས་བྱེད་པའི་ཁྲིམས་སྐྱོང་འཆད་ཁྲིད་སྤེལ་བ་རེད། དེའི་དམིགས་ཡུལ་ནི་རྒྱ་ཆེའི་མགོ་ཁྲིད་ལས་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། ལག་ལེན་གྱི་རང་རྟོགས་བཅས་སྔར་བས་ཆེ་རུ་བཏང་ནས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་འགྱུར་མེད་དད་མོས་བྱེད་མཁན་དང་། མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་མཁན། ལག་ལེན་བྱེད་མཁན་བཅས་བྱས་ཏེ། དཔེ་བཟང་གི་སྒོ་ནས་ཁྲིམས་སྐྱོང་ལ་གོང་བཀུར་དང་བཅའ་ཁྲིམས་ལ་བཀུར་ཞིང་སྐྲག་པ། བཅའ་ཁྲིམས་རྒྱུས་ལོན་དང་བཅའ་ཁྲིམས་ཁོང་དུ་ཆུད་པ། ཁྲིམས་སྐྱོང་གི་བསམ་གཞིགས་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་བཅོས་སྒྱུར་ཟབ་སྤེལ་དང་། འཕེལ་རྒྱས་ལ་སྐུལ་འདེད། འགལ་བ་སེལ་བ། བརྟན་ལྷིང་སྲུང་སྐྱོང་། ཉེན་ཁར་ཁ་གཏད་འཇལ་བ་བཅས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་བཅའ་ཁྲིམས་ལ་གོང་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པར་ཚད་གཞི་བཟོ་བ་དང་མིག་དཔེ་འདོན་དགོས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས་པ་བསྟན།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་། རང་ཞིང་གིས་མགོ་ཁྲིད་ལས་བྱེད་པ་ཞེས་པའི“གནད་འགག་ཉུང་ཤས”འདི་དམ་འཛིན་བྱས་ཏེ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དང་། ཁྲིམས་ལུགས་སློབ་སྦྱོང་དང་བཀོལ་སྤྱོད་རྒྱུགས་ལེན་པ། ཁྲིམས་རའི་འདྲི་གཅོད་ཟུར་ཉན་སོགས་ཀྱི་བྱ་བར་མུ་མཐུད་ཤུགས་སྣོན་བརྒྱབ་ནས ཉེ་སྔོན་ཐིང་རིམ་པའི་ལས་བྱེད་པའི་ཁྲིམས་སྐྱོང་འཆད་ཁྲིད་རྒྱུན་གཏན་ཅན་དུ་སྤེལ་ནས་དམངས་ཡོངས་ཀྱི་ཁྲིམས་སྲུང་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཅིག་ཏུ་གྱུར་ཡོད།


 


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།