མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རང་ཞིང་གིས“རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོ”བརྗོད་དོན་ཡིན་པའི་བྱ་འགུལ་སྤེལ་བ།

  2020-12-03 17:46:58  སྲིད་གཞུང་དྲ་བ།

རང་ཞིང་གིས“རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོ”བརྗོད་དོན་ཡིན་པའི་བྱ་འགུལ་སྤེལ་བ།

ཟླ12པའི་ཚེས2ཉིན་ནི་སྐབས་དགུ་པའི“རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོ”ཡིན་ལ། ད་ལོའི་བརྗོད་དོན་ནི“ཉེན་ཁ་ཤེས་ལ་གཡོལ་ཡང་ཤེས། ཚུལ་མཐུན་འགྲོ་སྐྱོད་བདེ་བའི་གཞི”ཞེས་པ་དེ་ཡིན། བདེ་འཇགས་འགྲོ་སྐྱོད་ཀྱི་འདུ་ཤེས་ཟབ་མོ་མི་སེམས་ལ་ཟུག་ཆེད། ཉིན་དེར་ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བརྡ་འཕྲིན་གཞུང་སྒྲུབ་ཐིན། ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་འཕྲད་བསྟུན་བདག་དོམ་ཐིན། ཞིང་ཆེན་ཐོན་ཨུ་སོགས་ལས་ཁུངས་བརྒྱད་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་གནང་བའི་སྐབས་དགུ་པའི“རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་ཉིན་མོ”བརྗོད་དོན་བྱ་འགུལ་དེ་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དུ་དངོས་སུ་སྤེལ་བ་རེད། མིང་ཡུའུ་ཀྲི་སོགས་མི་སྣ10ལ“ཆེས་མཛེས་པའི་འགྲིམ་འགྲུལ་ཉེན་རྟོག་པ”དང་ཡུའུ་ཧྭ་ཉིང་སོགས་མི་སྣ10ལ“ཆེས་མཛེས་པའི་ཁ་ལོ་པའི”གཟེངས་བསྟོད་ཐོབ་པ་རེད།

བྱ་འགུལ་གྱི་ཡུལ་དངོས་སུ་མཚོ་སྔོན་འགྲིམ་འགྲུལ་ཉེན་རྟོག་པའི་སྐད་འཕྲིན་ཁྱབ་བསྒྲགས་ཀྱི་བརྗོད་དོན་བྱས་རྗེས་བྱ་དགའི་གཟེངས་རྟགས་མིང་ཐོ་ཁྱབ་བསྒྲགས་བྱས་པར་མ་ཟད། “གུས་ལུགས་ལྡན་པའི་འགྲིམ་འགྲུལ་ཤེས་ཡོན”ཁྲོད་དམངས་ཡོངས་ཟབ་ཞུགས་དང་སྟེགས་བུ་དངོས་སུ་ཤར་གཏོང་དྲིལ་སྒྲོག་བྱས། མང་ཚོགས་ཀྱིས་ཁ་པར་སྟེང་གི་བརྒྱུད་རིམ་ཆུང་ངུ་བརྒྱུད་དེ་ཆང་འཐུང་རྗེས་རླངས་འཁོར་བསྐོར་བ། འཕྲུལ་རྟ་དང་གློག་སྒུལ་རྐང་འཁོར་བསྐོར་སྐབས་ཉེན་འགོག་ཞྭ་མོ་མི་གྱོན་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཀྱི་གནོད་འཚེ་རང་བཞིན་དང་དེར་འབྲེལ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་རྒྱུན་ཤེས། འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་བཅས་ཀྱི་ཐད་ལ་བྱ་དགའ་གནང་བའི་དྲི་བ་དྲིས་ལན་བཀོད་སྒྲིག་བྱས། རྒྱ་ཆེའི་འགྲིམ་འགྲུལ་ཟབ་ཞུགས་མཁན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཉེན་ཁ་ངོས་འཛིན་དང་ཕྱིར་གཤོལ་ངང་བདེ་འཇགས་འགྲོ་འོངས་བྱེད་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་བྱས། རང་སྟེང་ནས་འགྲིམ་འགྲུལ་བཅའ་ཁྲིམས་བརྩི་སྲུང་བྱེད་པའི་གོམས་གཤིས་ལེགས་པོ་ཞིག་ཆགས་སུ་བཅུག ཟི་ལིང་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཆེན་གྱི་དམིགས་གསལ་ཡན་ལག་རུ་ཆེན་སྐྱ་དཔུང་རུ་ཁག་གིས་འཕྲུལ་རྟ་ཞོན་པའི་རྩལ་ནུས་འཁྲབ་སྟོན་ལ་ཡུལ་དངོས་ལྟད་མོ་པས་དགའ་བསུ་ཆེན་པོ་ཐོབ་པ་རེད།

ངོ་སྤྲོད་བྱས་པ་ལས་ཤེས་གསལ་ལྟར་ན། བརྗོད་དོན་བྱ་འགུལ་དེས་སྐུད་ལམ་གོང་འོག་གི་བྱེད་ཐབས་སྤེལ། མཚོ་སྔོན་སྤྱི་བདེ་འགྲིམ་འགྲུལ་བདག་དོམ་སྡེ་ཁག་གིས་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་ཚོད་འཛིན་བྱ་བའི་བཀོད་སྒྲིག་གཞིར་བཟུང་སྟེ། ཤུགས་ཆེན་པོའི་སྒོ་ནས་བཟོ་སྐྲུན་ཆེན་པོ་དྲུག་ལག་བསྟར་བྱས། རླངས་འཁོར་གཙོ་བོ་དང་མི་ཚོགས། ས་ཁུལ་གཙོ་བོ་བཅས་གཞིར་བཟུང་སྟེ། དགུན་ཚིགས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་ཁྲིམས་འགལ་དག་ཐེར་བྱ་འགུལ་སྤེལ་བ་རེད།

ཉིན་དེར་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་རྣམ་པ་སྣ་མང་ཅན་དང་ཕུན་སུམ་ཚོགས་པའི་བརྗོད་དོན་བྱ་འགུལ་སྤེལ་བ་བརྒྱུད། “122”བརྗོད་དོན་ཉིན་མོའི་གཅིག་བསྡུས་དྲིལ་སྒྲོག་བྱས། འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་གཞིས་ཁུལ་དུ་བཀྲམ་པ་དང་སློབ་གྲྭ་རུ་བཀྲམ་པ། དགོན་པ་རུ་བཀྲམ་པ། ཁེ་ལས་ཁྲོད་བཀྲམ་པ། ཁྱིམ་ཚང་ཁྲོད་བཀྲམ་པ། ཞིང་ཕྱུགས་ལས་ས་ཁུལ་དུ་བཀྲམ་པ། དྲ་ལམ་དུ་བཀྲམ་པ། སྨྱན་སྦྱོར་ཁྲོད་བཀྲམ་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱ་ཆེའི་མང་ཚོགས་ཀྱིས་འགྲིམ་འགྲུལ་འགྲོ་འོངས་ཞིབ་ཆ་ལ་སྐུལ་འདེད་བཏང་ནས་བདེ་འཇགས་དཔལ་ཡོན་འགྲོ་འོངས་དར་སྤེལ་བཏང་པ་རེད།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།