མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རང་ཞིང་གི་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་བྱེད་པ35ལ་པེ་ཅིང་དུ་གཟེངས་བསྟོད་ཐོབ་པ།

  2020-11-25 15:38:17  སྲིད་གཞུང་དྲ་བ།

རང་ཞིང་གི་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་བྱེད་པ35ལ་པེ་ཅིང་དུ་གཟེངས་བསྟོད་ཐོབ་པ།

རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་བྱེད་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས་ཤིང་། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན1689དང་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་བྱེད་པ804པེ་ཅིང་དུ་འཛོམས་ལ། ཏང་དང་རྒྱལ་ཁབ་ཀྱི་ངལ་རྩོལ་པའི་ཆེས་མཐོ་བའི་བསྔགས་བརྗོད་དང་ལེན་བྱས་ཤིང་། རང་ཞིང་གི་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་བྱེད་པ་སོ་ལྔ་ལ་གཟེངས་བསྟོད་ཐོབ་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་གཟེངས་བསྟོད་ཐོབ་པའི2020ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་བྱེད་པ35ནི་རང་ཞིང་གི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། ཏང་འཛུགས་སྐྱོང་སོགས་ཐད་བྱས་རྗེས་གལ་ཆེན་བཞག་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་བཟོ་པ་དང་། ཞིང་པ། ཚན་སློབ་མི་སྣ། དོ་དམ་མི་སྣ། ལས་ཁུངས་ཀྱི་ལས་བྱེད་མི་སྣ། དེ་བཞིན་སྤྱི་ཚོགས་ཀྱི་རིམ་པ་སོ་སོའི་མི་སྣ་གཞན་དག་ཡོད་པ་རེད།

དེའི་སྔོན། རང་ཞིང་གི《ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས2020ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་བྱེད་པ་དཔྱད་འདེམས་དང་གཟེངས་བསྟོད་ལས་ཀ་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(ཀྲུང་དབྱང་གཞུང་ལས་ཐིང་གིས་སྤེལ་བའི་གློག་འཕྲིན〔2020〕ཨང5པ)ཡི་དགོངས་དོན་ལྟར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག  སྒྲིག་འཛུགས་ཞིབ་ཚགས། མཐུན་སྦྱོར་ལ་ཤུགས་སྣོན། གོ་རིམ་དམ་ནན། དམངས་གཙོ་དར་སྤེལ། ཚད་གཞི་མཐའ་འཁྱོངས་དང་འགག་སྒོ་ནན་པོ་སྲུང་ནས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་བྱེད་པའི་འོས་སྦྱོར་དཔྱད་འདེམས་བྱ་བ་ནན་ཏན་ངང་ལེགས་སྒྲུབ་བྱས་པ་རེད།

རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་བྱེད་པར་ཐོབ་མཁན་དང་ཞིང་ཆེན་ཞིང་ཕྱུགས་འཕྲུལ་ཆས་ཁྱབ་སྤེལ་ས་ཚུགས་ཀྱི་ཁོའོ་ཀྲང་ཞུས་ཀྲེན་ལིན་གྱིས་བླ་ན་མེད་པའི་མཚན་སྙན་འདི་འདྲ་ཐོབ་པས་སེམས་འགུལ་ཆེན་པོ་ཐེབས་བྱུང་། མཚན་སྙན་དེ་ཐོབ་པ་ནི་མཐའ་སྣེ་མིན་པར་དུས་རབས་གསར་པར་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་མགོ་འཛུགས་ས་དེ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་སྒྲུབ་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ། ངལ་རྩོལ་དཔེ་བཟང་ཅན་གྱི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བའི་སྙིང་སྟོབས་བཅས་སློབ་སྦྱོང་དང་དར་སྤེལ་གཏོང་བ། འགན་འཁྲི་འཁུར་བ་དང་བྱ་བ་ཧུར་ཐག་བསྒྲུབས་ནས་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་གྱི་ཞིང་ཕྱུགས་ལས་འཚེ་མེད་འཕེལ་རྒྱས་ཆེད་སྟོབས་ཤུགས་འབུལ་དགོས་པ་བསྟན།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།