ཞིང་ཆེན་ཡོངས་ཀྱི་གྲོང་ཚོར(སྡེ་ཁུལ)བཅའ་ཁྲིམས་བློ་འདྲི་ཁྱབ་པར་བྱས་པ།
ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་ཚུན། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས“སྤྱོད་ཚུལ་བསྒྱུར་བ་དང་དོན་འཁྱོལ་དམ་འཛིན”གཙོ་གནད་དུ་བཟུང་སྟེ། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཕྱིའི་མ་ལག་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ་དམིགས་འབེན་དུ་འཛིན་པ་དང་། གནད་དོན་ཡོ་བསྲང་དང་བཅོས་སྐྱོང་བྱ་རྒྱུ་འཆང་གཟུང་དུ་འཛིན་པ། ཧུར་ཐག་སྒོས“མི་ཐབས་རིག་ནུས+སྤྱི་པའི་བཅའ་ཁྲིམས་ཞབས་ཕྱི” བཏོད་དེ། ཞིང་ཆེན་ཡོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཕྱིའི་དུས་དང་བར་སྟོང་ཧྲིལ་པོ་དང་ལས་སྒོ་ཡོངས་ཀྱི་རིག་ནུས་ཞབས་ཕྱིའི་ཐབས་ལམ་རྒྱ་ཆེར་བཏང་ཞིང་།ད་ཕན་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཕྱི་ལྟེ་གནས45བཙུགས་པ་དང་། ཡུལ་ཚོའི(གྲོང་རྡལ)སྤྱི་པའི་བཅའ་ཁྲིམས་ཞབས་ཕྱིའི་ས་ཚུགས410དང་གྲོང་ཚོའི(སྡེ་ཁུལ)སྤྱི་པའི་བཅའ་ཁྲིམས་ཞབས་ཕྱི་ཁང4633བཅས་དང་། གྲོང་ཚོའི(སྡེ་ཁུལ)བཅའ་ཁྲིམས་བློ་འདྲི་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཡོད།
ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ལོ་ཧྲིལ་པོར“དངོས་གཞིའི་ལས་སྟེགས་འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་། དྲ་རྒྱའི་ལས་སྟེགས་ཀྱི་ཞབས་ཕྱིའི་ཆུ་ཚད་མཐོ་རུ་གཏོང་བ། ཐད་སྦྲེལ་ཁ་པར་ལས་སྟེགས་ཀྱི་ཞབས་ཕྱིའི་ནུས་པ་ལེགས་སུ་གཏོང་བ་དང་རིམ་སྤོར་བྱེད་པ། སྤྱི་པའི་བཅའ་ཁྲིམས་ཞབས་ཕྱི་ཀུན་ཕན་དོ་སྙོམས་སོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། སྣ་མང་ཅན་དང་ཆེད་ལས་ཅན་གྱི་བཅའ་ཁྲིམས་ཞབས་ཕྱི་སྤེལ་བ་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཕྱིའི་སྤུས་ཚད་མཐོ་རུ་གཏོང་བ། བཅའ་ཁྲིམས་ཞབས་ཕྱིའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ”བཅས་ཕྱོགས་བདུན་གྱི་ལས་འགན་གཙོ་བོ་དང་། སྤྱོད་ཚུལ་གྱི་མངོན་གསལ་ཅན་གྱི་གནད་དོན་ལ་གཞིགས་ནས་གཅིག་སྡུད་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ཀྱི་ཕྱོགས4ཡི་ཐད་དང་ལས་གཞི28ཀྱི་གཙོ་གནད་བཅོས་སྒྲིག་གི་གནད་དོན། “མང་ཚོགས་ཀྱིས་འདོན་པ་དང་། རང་ཉིད་ཀྱིས་འཚོལ་བ། གོང་རིམ་གྱིས་སྟོན་པ། ཕན་ཚུན་རོགས་རམ་བྱེད་པ”བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས། སྤྱོད་ཚུལ་ལེགས་སྐྱོང་ཐད་གནས་པའི་གནད་དོན་མངོན་གསལ་ཅན་འཚོལ་འདོན་གཏིང་ཟབ། འཚོལ་སྟོན་ཐུབ་པའི་གནད་དོན་ལ་དམིགས་ནས་གནད་དོན་གྱི་གསལ་ཐོ་བཀོད་ནས་དག་ཐེར་ལེགས་བཅོས་ཀྱི་ཟུར་བཙུགས་རྩིས་ཁྲ་བཟོས། དག་ཐེར་གྱི་འགན་འཁྲི་ཁ་གསལ་བཟོས་ནས་གནད་དོན་གྱི་དག་ཐེར་བྱ་ཐབས་དང་དག་ཐེར་གྱི་དུས་བཀག་རེ་རེ་བཞིན་ཁ་གསལ་བཟོས་ཤིང་། ད་སྔའི་བར། ཞིང་ཆེན་ཁྲིམས་འཛིན་ཐིང་སྤྱི་པའི་བཅའ་ཁྲིམས་ཞབས་ཕྱི་དོ་དམ་ཅུ་ཡི་གནད་དོན་གྱི་གསལ་ཐོ6བཟོས།