《མཚོ་སྔོན་མུ་རི་གཏེར་ཁུལ་གྱི་སྣོད་བཅུད་སླར་གསོའི་སྤྱིའི་ཇུས་གཞིར》ཆེད་མཁས་པས་ཞིབ་བཤེར་བྱས་པ།
ཟླ11པའི་ཚེས21ཉིན《མཚོ་སྔོན་མུ་རུ་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོའི་སྤྱིའི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)ཞིབ་བཤེར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་ཚོགས་འདུར་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མགོ་འཛིན་གནང་ཞིང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུ་ཡི་ཅུ་ཀྲང་གཞོན་པ་ལི་ཁྲུན་ལང་ཚོགས་འདུར་ཞུགས་པ་རེད། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའམ་མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་ཝང་ཀོང་ཆན་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའམ་ཀྲུང་གོ་ཚན་རིག་ཁང་ནན་ཅིང་ས་གཤིས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ཀྲང་ཅཱ་པའོ་བཅས་ཀྱིས་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་ཨུ་ཡོན་གཞོན་པའི་འགན་བཞེས་པ་རེད།
《ཇུས་གཞིའི》ནང་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བཅས་ཀྱི་མ་ལག་བཅོས་སྐྱོང་དང་ཚན་རིག་དང་མཐུན་པའི་ལག་བསྟར་ཐུབ་པའི་རྩ་དོན་གཞིར་བཟུང་སྟེ། རང་བྱུང་སླར་གསོ་བྱ་རྒྱུ་གཙོ་བོར་འཛིན་པ་དང་། མིའི་ལག་ཐབས་ལ་བརྟེན་ནས་ཉམས་གསོ་བྱ་རྒྱུ་དེ་རང་བྱུང་སླར་གསོ་བྱ་རྒྱུར་ཆ་རྐྱེན་བསྐྲུན་རྒྱུའི་ལག་རྩལ་གྱི་བླང་བྱར་བཟུང་སྟེ། “ས་ཞིང་དང་། རྩྭ། ཆུ། ལུད”བཅས་གཞི་གཅིག་ཅན་གྱི་སྐྱེ་ཁམས་སླར་གསོའི་ལག་རྩལ་འབུར་དུ་ཐོན་དགོས་ལ། ད་ཡོད་ཀྱི་ཚན་རྩལ་སྟོབས་ཤུགས་ཀྱི་ཚན་རིག་ཞིབ་འཇུག་གྲུབ་འབྲས་སྡེབ་སྒྲིག་བྱས་ཏེ། ལག་རྩལ་དང་དོ་དམ་སྲུང་སྐྱོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྩྭ་ཐང་དང་བརླན་སའི་སྐྱེ་ཁམས་མ་ལག་ཉམས་གསོ་བྱེད་རྒྱུ་ལག་ལེན་དོན་འཁྱོལ་བྱས་ནས། གོང་འོག་མཉམ་འགུལ་དང་མཉམ་དུ་བཅོས་སྐྱོང་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་དགོས་ལ། 《མུ་རུ་གཏེར་ཁུལ་དང་མདོ་ལའི་ལྷོ་ངོས་མཚོ་སྔོན་ཁོངས་གཏོགས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལོ་གསུམ་ལག་ལེན་ཇུས་གཞི》དང་མཐུན་ཞིང་། དམིགས་སའི་རང་བཞིན་དང་མཛུབ་སྟོན་རང་བཞིན་ཅུང་ཆེན་པོ་ལྡན། ཆེད་མཁས་པ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་འགན་འཁུར་བས་ཞིབ་བཤེར་ནན་པོ་བྱས་པ་དང《ཇུས་གཞིར》ཆེད་མཁས་པས་ཞིབ་བཤེར་བྱས་པ་རེད།
གྲོས་ཚོགས་ལས་བསྟན་དོན། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོ་ནི་ད་ལྟ་རང་རྒྱལ་གྱི་མཐོ་སྒང་ཡིན་པ། གྲང་ངར་ཆེ་བ། ས་བབ་མཐོ་བ་བཅས་ཀྱི་གནས་སུ་གཞི་ཁྱོན་ཆེ་བའི་གཏེར་ཁུལ་བཅོས་སྐྱོང་གི་དཔེ་སྟོན་རང་བཞིན་གྱི་བཟོ་སྐྲུན་ཐོག་མ་དེ་ཡིན་པས་ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས་ལ། ལག་རྩལ་གསར་པ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་སླར་གསོའི་གྲུབ་འབྲས་ལ་དུས་ཐོག་ཏུ་དཔྱད་དཔོག་བྱས་ཏེ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་གཏེར་ཁུངས་ཁག་གི་ལས་སྒྲུབ་ཇུས་འགོད་བཟོ་བ་དང་སྐྱེ་ཁམས་སླར་གསོའི་བྱ་བ་ལག་བསྟར་ཡག་པོ་བྱ་དགོས། སྒྲིག་ཁོངས་སྡེ་ཚན་གྱིས་ཆེད་མཁས་པའི་བསམ་འཆར་དང་གྲོས་མགོ་གཞིར་བཟུང་སྟེ། 《ཇུས་གཞི》བཟོ་བཅོས་དང་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་གོ་རིམ་བཞིན་ཆོག་མཆན་ཞུས་ནས་ལག་བསྟར་བྱ་དགོས་པ་བསྟན།