མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རང་ཞིང་གིས་ཟླ་ཕོགས་ཆད་འཇོག་གནད་དོན་རྩ་བཅོས་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བ།

  2020-11-24 17:15:00  སྲིད་གཞུང་དྲ་བ།

རང་ཞིང་གིས་ཟླ་ཕོགས་ཆད་འཇོག་གནད་དོན་རྩ་བཅོས་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བ།

ཉེ་ལམ། རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་ཟླ་ཕོགས་ཆད་འཇོག་གནད་དོན་རྩ་བཅོས་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། ཟླ11པའི་ཚེས12ཉིན་ནས2021ལོའི་ལོ་སར་སྔོན་བར་དུ། གཅིག་སྡུད་སྒོས2020ལོའི་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་དུ་བྱུང་བའི་སྲིད་གཞུང་གི་དངུལ་གཏོང་བཟོ་སྐྲུན་ལས་གཞི་དང་རྒྱལ་ཁབ་ཁེ་ལས་ལས་གཞི། རིགས་མི་འདྲ་བའི་སྲིད་གཞུང་དང་སྤྱི་ཚོགས་མ་རྩའི་མཉམ་ལས་ལས་གཞི་བཅས་ཀྱིས་ཞིང་བ་ཞོར་ལས་པའི་ཟླ་ཕོགས་མི་སྟེར་བའི་གྱོད་གཞི་དང་ཟླ་ཕོགས་ཆད་འཇོག་གི་གྱོད་གཞི་གཞན་པར་གཙང་བཤེར་བྱེད་རྒྱུ་ཡིན་པ་དང་། རྩད་ཆོད་པའི་ཟླ་ཕོགས་ཆད་འཇོག་གི་ཁྲིམས་འགལ་སྤྱོད་ཚུལ་དག  2021ལོའི་ལོ་སར་གྱི་སྔོན་དུ་ཡོངས་རྫོགས་ཐག་བཅད་དེ་མེད་པར་བྱ་རྒྱུ་རེད།

ཐེངས་འདིའི་ཆེད་དོན་འགུལ་སྐྱོད་ཀྱིས་ཞིང་བ་ཞོར་ལས་པའི་བསྡུ་ཚད་མང་བའི་བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་དང་ངལ་རྩོལ་བ་ཅུང་མང་པོ་ལས་སྣོན་བཟོ་སྐྲུན་དང་རིམས་ནད་ཀྱི་གནོད་པ་ཐེབས་ཚད་ཅུང་ཆེ་བའི་ལས་རིགས་གཙོ་གནད་དུ་བྱེད་རྒྱུ་རེད། གཙོ་བོར་མི་བཀོལ་སྡེ་ཁག་གིས་ཁྲིམས་ལྟར་དུས་ཐོག་ཏུ་ཚད་ལོངས་པའི་སྒོ་ནས་ཞིང་བ་ཞོར་ལས་པའི་ཟླ་ཕོགས་སྟེར་བའི་གནས་ཚུལ་དང་། སྲིད་གཞུང་གི་དངུལ་བཏང་བའི་བཟོ་སྐྲུན་ལས་གཞི་དང་རྒྱལ་ཁབ་ཀྱི་ཁེ་ལས་ལས་གཞི། རིགས་མི་འདྲ་བའི་སྲིད་གཞུང་དང་སྤྱི་ཚོགས་མ་རྩ་མཉམ་ལས་ལས་གཞི་མཆན་འགོད་དོ་དམ། མ་དངུལ་ལྟ་སྐུལ་དོ་དམ་དང་བཟོ་སྐྲུན་དངུལ་དུས་ལྟར་དང་ཚད་ལོངས་པའི་སྒོ་ནས་སྟེར་བའི་གནས་ཚུལ། བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱིས་ཞིང་བ་ཞོར་ལས་པའི་ཟླ་ཕོགས་རྩིས་ཐོ་བཀོལ་བ་དང་། བཟོ་སྐྲུན་སྤྱིའི་འགན་ལེན་སྡེ་ཁག་གིས་ཟླ་ཕོགས་སྟེར་བ། ཞིང་བ་ཞོར་ལས་པའི་དངོས་མིང་ལམ་ལུགས་དོ་དམ། ཟླ་ཕོགས་འགན་སྲུང་དངུལ་གྲབས་གསོག དབང་ཆ་སྲུང་སྐྱོང་ཆ་འཕྲིན་སྤྱི་བསྒྲགས་སོགས་ཟླ་ཕོགས་སྟེར་བར་འགན་སྲུང་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ། ཞིང་བ་ཞོར་ལས་པའི་ཟླ་ཕོགས་ཆད་ལ་འཇོག་པའི་ཁྲིམས་འགལ་སྤྱོད་ཚུལ་ལ་ཁྲིམས་ལྟར་ཐག་གཅོད་པ། ཟླ་ཕོགས་མི་སྟེར་བར་རྡུང་རྡེག་ནན་མོ་བྱེད་པའི་གནས་ཚུལ། ཟླ་ཕོགས་ཆད་འཇོག་ཁྲིམས་འགལ་སྤྱོད་ཚུལ་ལ་ཁྲིམས་ལྟར་ཡིད་རྟོན་ཆད་གཅོད་བྱེད་པའི་གནས་ཚུལ་དང་ཟླ་ཕོགས་ཆད་འཇོག་རྩ་བཅོས་བྱེད་པའི་བྱ་བའི་ཐད་ཀྱི་འགན་འཛོལ་སྤྱོད་ཚུལ་ལ་ཁྲིམས་ལྟར་རྩད་གཅོད་བྱེད་པའི་གནས་ཚུལ་བཅས་ལ་བརྟག་བཤེར་བྱ་རྒྱུ་རེད།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།