མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་ཞིབ་ཚོ་ཆུང་ཚང་མས་བཅའ་སྡོད་ལྟ་ཞིབ་བྱས་པ།

ཡོས་བུ།  2020-11-11 15:55:27  རང་རེའི་འཕྲིན།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་ཞིབ་ཚོ་ཆུང་ཚང་མས་བཅའ་སྡོད་ལྟ་ཞིབ་བྱས་པ།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་ཞིབ་ཚོ་ཆུང་བཞི་བས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་ལྟ་ཞིབ་བྱེད་པའི་བྱ་བའི་སྙན་ཞུ་ཚོགས་འདུ་བསྡུས་པ་དང་བསྟུན་ཏེ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་ཞིབ་ཚོ་ཆུང་གིས་གྲོང་ཁྱེར་དང་ཁུལ8དང་། ཟི་ལིང(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་ཚྭ་འདམ་གཞོང་སའི་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་བཅས་ཚང་མར་བཅའ་སྡོད་ལྟ་ཞིབ་མངོན་འགྱུར་བྱས་ཡོད།

བཅའ་སྡོད་སྙན་ཞུའི་ཚོགས་འདུའི་སྟེང་། ལྟ་ཞིབ་ཚོ་ཆུང་སོ་སོའི་ཙུའུ་ཀྲང་གིས་ཐེངས་འདིའི་ལྟ་ཞིབ་ནི་རང་ཞིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གཏམ་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་དང་དེ་བཞིན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར། ལྟ་ཞིབ་ཚོ་ཆུང་གིས་རེས་སྐོར་གཉིས་ཀྱི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་དང་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་ལས་སྒྲུབ་ལ་སྐུལ་འདེད་ཏན་ཏིག་གཏང་རྒྱུ་གཙོ་གནད་དུ་བཟུང་སྟེ། གནད་དོན་གྱི་ཁ་ཕྱོགས་དང་འགན་འཁྲིའི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དང་། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏང་དགོས། ལྟ་ཞིབ་དག་ཐེར་བྱ་བའི་ཕན་འབྲས་སྲ་བརྟན་དུ་ཏན་ཏིག་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཁོར་ཡུག་ཁེ་ཕན་སྲུང་སྐྱོང་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་བཅས་བྱ་དགོས་ཟེར།

གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་ཚང་མས་གཏམ་བཤད་ཁྲོད་ནན་དུ་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། འདུ་ཤེས་བཞིརྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཡིད་རྟོན་བཞིཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིསསྒྲུབ་ཐུབ་པ་བཅས་བྱས་ནས་བསམ་བློ་གཅིག་གྱུར། ཆབ་སྲིད་ཀྱི་འགྲེང་གནས་མཐོ་རུ་ཏན་ཏིག་གཏང་དགོས། འཕྲལ་སྒྲུབ་འཕྲལ་བཅོས་བྱས་ནས་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱེད་པ་དང་། འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ལྟ་ཞིབ་བདེ་བླག་ཡོང་བའི་འགན་ལེན་བྱེད་པ། རང་རྟོགས་ངང་ལྟ་སྐུལ་དང་ལེན་དང་ལྟ་སྐུལ་བྱེད་ཀྱིན་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས། ལྟ་ཞིབ་དག་ཐེར་ལ་དམ་འཛིན་ནན་པོ་བྱས་ནས་རང་ཞིང་གི་རེས་སྐོར་དང་པོའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་གྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཡོད། རེས་སྐོར་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་དག་ཐེར་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་བཏང་ནས་ཐེངས་འདིའི་ལྟ་ཞིབ་ཀྱི་ནུས་པ་འདོན་སྤེལ་དང་ཕན་འབྲས་དངོས་ཐོན་པའི་འགན་སྲུང་བྱ་དགོས་པ་བསྟན།

ལྟ་ཞིབ་ཚོ་ཆུང་ཁག་གིས་བསྟན་དོན། ཐེངས་འདིའི་ལྟ་ཞིབ་ཀྱིས་རིམས་ནད་འགོག་ཟོན་གྱི་རྒྱུན་རྣམ་ཅན་གྱི་བྱ་བའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེའགན་ལེན་དྲུག་དང་བརྟན་ལྷིང་དྲུགལ་སྤྱི་ཡོངས་ལ་གཞི་ཚུགས་པར་བྱས་ནས། གནད་ལ་འཕིགས་པ་དང་། ཚན་རིག་དང་མཐུན་པ། ཁྲིམས་ལྟར་ལྟ་ཞིབ་བཅས་བྱེད་པ་བཅས་ཀྱི་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་ལྟར། གནད་དོན་ཁྲིད་ཕྱོགས་དང་མཇུག་འབྲས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གནད་དོན་རྒྱུས་ལོན་དང་ངོས་འཛིན་མཐོར་འདེགས། འགན་འཁྲི་དོན་འཁྱོལ། གནད་དོན་ཐག་གཅོད་བཅས་ཀྱི་དམིགས་འབེན་འགྲུབ་དགོས། ལྟ་ཞིབ་ཀྱི་འགན་འཁྲི་ལག་བསྟར་ནན་ཏན། ལྟ་ཞིབ་བྱ་བའི་གནད་འཁེལ་རང་བཞིན་དང་དམིགས་སའི་རང་བཞིན་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། སྤུས་ཚད་མཐོ་བའི་སྒོ་ནས་ལྟ་ཞིབ་ལས་འགན་ཁག་ལེགས་སྒྲུབ་ཐུབ་པའི་འགན་སྲུང་བྱ་དགོས་པ་བསྟན།

བཀོད་སྒྲིག་ལྟར། ལྟ་ཞིབ་བྱ་བ་སྤེལ་ཡུན་ཟླ11པའི་ཟླ་སྟོད་ནས་ཟླ12པའི་ཟླ་སྟོད་བར་ཡིན་པ་དང་བཅའ་སྡོད་བྱེད་རིང་། གཙོ་བོ་དཔྱད་ཡིག་ལྟ་ཀློག་དང་། ཡུལ་དངོས་སུ་ཞིབ་བཤེར། བཅར་འདྲི་དང་འདྲི་རྩད། མང་ཚོགས་ལ་བསྐྱར་འདྲི། བརྟག་དཔྱད་ཞིབ་འཇུག་བཞུགས་མོལ། སྨྱན་སྦྱོར་གྱིས་དམར་འདོན། ཁུངས་སྣེ་རྩིས་སྤྲོད་སོགས་རྣམ་པ་སྣ་མང་སྤྱད་དེ་བྱ་བ་སྤེལ། ལྟ་ཞིབ་བྱ་བ་བདེ་བླག་ངང་སྤེལ་རྒྱུར་འགན་སྲུང་བྱས་པས་དོན་དངོས་སུ་ཕན་འབྲས་ཐོན་ཡོད།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།