མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཁོང་ཡུང་གིས་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་ལས་གཞི་གཙོ་བོར་རྟོག་ཞིབ་བྱས་པ།

  2020-11-10 10:46:11  གངས་ལྗོངས་མེ་ལོང་།

ཁོང་ཡུང་གིས་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་ལས་གཞི་གཙོ་བོར་རྟོག་ཞིབ་བྱས་པ།

ཟླ11པའི་ཚེས5ཉིན།  ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་སུ་སོང་ནས་ལོ་རེའི་དངུལ་གཏོང་ལས་འགན་གྱི་འཕེལ་རིམ་དང་ལས་གཞི་གཙོ་བོའི་སྐུལ་འདེད་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་།   འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་ཐད་བྱ་བའི་བླང་བྱ་བཏོན།

ཁོང་ཡུང་གིས་བསྟན་དོན།  ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་གཉིས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྒྱུས་ལོན་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ།   འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་འདྲེས་པར་བྱེད་པ་བཅས་བྱས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཐོན་པའི་རྨང་གཞི་རང་བཞིན་དང་སྔོན་ཁྲིད་རང་བཞིན།  འཐབ་ཇུས་རང་བཞིན་གྱི་བྱེད་ནུས་རྒྱུན་མཐུད་སྒོས་ཇེ་དྲག་ཏུ་གཏོང་དགོས།  རྒྱང་རིང་ལ་དམིགས་ཏེ་སྒྲིག་གཞིའི་ནང་རྐྱེན་བཅོས་སྒྱུར་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་སྤེལ་དགོས་པ་དང་།   མིག་སྔར་ལ་ཕྱོགས་ཏེ་འགྲིམ་འགྲུལ་དངུལ་གཏོང་འཛུགས་སྐྲུན་ཁེ་ལས་གཙོ་བོ་སྔར་ལས་གཅིག་བསྡུས་བྱས་ཏེ་ལོ་ཧྲིལ་བོའི་དངུལ་གཏོང་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་དང་།   བཅོས་སྒྱུར་བྱ་བའི་དམིགས་འབེན་ལ་གཏན་འཇགས་ངང་སྐུལ་འདེད་གཏོང་བར་འགན་སྲུང་བྱས་ནས་སང་ལོའི་བྱ་བའི་མགོ་བཟང་བོ་ཞིག་རྩོམ་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་སྔར་ལས་མཐོར་འདེགས་བཏང་སྟེ་རྒྱང་ནང་གི་འཁོར་སྐྱོད་ཆེན་མོ་དང་རྒྱལ་ནང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་གི་བྱེད་ནུས་གཙོ་བོ་ནུས་ཡོད་སྒོས་འདོན་སྤེལ་བྱེད་དགོས།  སྡེ་ཚོགས་རང་སྟེང་གི་འཕེལ་རྒྱས་ཆུ་ཚད་དང་ཁྲོམ་རའི་འགྲན་རྩོད་ནུས་པ་སྔར་ལས་མཐོར་འདེགས་བཏང་སྟེ་ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་པ་དང་།   སྤུས་ཚད་དང་ཕན་ནུས།   མ་རྩའི་འདུ་ཤེས་རྒྱུན་མཐུད་སྒོས་ཇེ་དྲག་ཏུ་གཏོང་དགོས།   འཛུགས་སྐྲུན་ལས་གཞིའི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དང་ཐོན་ཁུངས་སྒྲིག་བཀོད་ནུས་པ་སྔར་ལས་མཐོར་འདེགས་བཏང་སྟེ་ཚན་རིག་ལྟར་ལས་གཞིའི་རྒྱུ་ཆའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱ་དགོས།  མཐུན་སྦྱོར་འཕེལ་རྒྱས་དང་བདེ་འཇགས་ཐོན་སྐྱེད་ནུས་པ་སྔར་ལས་མཐོར་འདེགས་བཏང་སྟེ་བདེ་འཇགས་ཚད་མཐའི་འདུ་ཤེས་འཛུགས་པ་དང་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དོན་འཁྱོལ་བྱ་དགོས་ཟེར།

 ཁོང་ཡུང་གིས་ནན་གྱིས་བསྟན་དོན།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་སྔར་ལས་མཐོར་འདེགས་བཏང་སྟེ་རྒྱང་ནང་གི་འཁོར་སྐྱོད་ཆེན་མོ་དང་རྒྱལ་ནང་རྒྱལ་སྤྱིའི་འཁོར་སྐྱོད་ཟུང་གི་བྱེད་ནུས་གཙོ་བོ་ནུས་ཡོད་སྒོས་འདོན་སྤེལ་བྱ་དགོས།  སྡེ་ཚོགས་རང་སྟེང་གི་འཕེལ་རྒྱས་ཆུ་ཚད་དང་ཁྲོམ་རའི་འགྲན་རྩོད་ནུས་པ་སྔར་ལས་མཐོར་འདེགས་བཏང་སྟེ་ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་པ་དང་།   སྤུས་ཚད་དང་ཕན་ནུས།   མ་རྩའི་འདུ་ཤེས་རྒྱུན་མཐུད་སྒོས་ཇེ་དྲག་ཏུ་གཏོང་དགོས།   འཛུགས་སྐྲུན་ལས་གཞིའི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དང་ཐོན་ཁུངས་སྒྲིག་བཀོད་ནུས་པ་སྔར་ལས་མཐོར་འདེགས་བཏང་སྟེ་ཚན་རིག་ལྟར་ལས་གཞིའི་རྒྱུ་ཆའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱ་དགོས།  མཐུན་སྦྱོར་འཕེལ་རྒྱས་དང་བདེ་འཇགས་ཐོན་སྐྱེད་ནུས་པ་སྔར་ལས་མཐོར་འདེགས་བཏང་སྟེ་བདེ་འཇགས་ཚད་མཐའི་འདུ་ཤེས་འཛུགས་པ་དང་བདེ་འཇགས་ཐོན་སྐྱེད་འགན་འཁྲི་དོན་འཁྱོལ་བྱ་དགོས་ཟེར།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།