མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་ཐོན་དབང་ལ་གནོད་བྱེད་པ་དང་ཚོང་རྫས་རྫུན་མ་བཟོ་འཚོང་ལ་རྡུང་རྡེག་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ།

  2020-11-10 10:43:34  གངས་ལྗོངས་མེ་ལོང་།

ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་ཐོན་དབང་ལ་གནོད་བྱེད་པ་དང་ཚོང་རྫས་རྫུན་མ་བཟོ་འཚོང་ལ་རྡུང་རྡེག་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་པ།

ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་ཐོན་དབང་ལ་གནོད་བྱེད་པ་དང་ཚོང་རྫས་རྫུན་མ་བཟོ་འཚོང་ལ་རྡུང་རྡེག་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟླ11པའི་ཚེས4ཉིན་བསྡུས། ཚོགས་ཐོག་ནས་ད་ལོའི་རང་ཞིང་གི་རྡུང་རྡེག་གཉིས་ཀྱི་བྱ་བར་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། མིག་སྔའི་རྡུང་རྡེག་གཉིས་ཀྱི་བྱ་བའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ལ། གོ་རིམ་རྗེས་མའི་བྱ་བ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པའམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་ཐོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། དབང་འཕྲོག་རྫུན་བཟོ་བྱ་བར་རྡུང་རྡེག་བྱེད་རྒྱུ་ནི་འདྲ་མཉམ་འགྲན་རྩོད་ཀྱི་ཚོང་རའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ་དང་། ཁྲིམས་སྐྱོང་ཅན་དང་རྒྱལ་སྤྱི་ཅན། སྟབས་བདེ་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པའི་བྱེད་ཐབས་གལ་ཆེན་ཡིན་ལ། མི་དམངས་མང་ཚོགས་ཀྱི་རང་སྟེང་གི་ཁེ་ཕན་ལ་འབྲེལ་བ་ཡོད་པ་དང་། འགན་འཁྲི་ཧ་ཅང་ལྕི། ད་ལོར། རང་ཞིང་གི་རྡུང་རྡེག་གཉིས་ཀྱི་བྱ་བའི་ཁུལ་ཁོངས་མཉམ་འབྲེལ་དང་སྡེ་ཁག་མཉམ་ལས་སྔར་ལས་དམ་ཟབ་ཡིན་པ་དང་། རྩ་འཛུགས་ལས་ཁུངས་རིམ་པ་བཞིན་འཐུས་ཚང་དུ་བཏང་ལ། ལྟ་སྐུལ་དོ་དམ་དང་གསར་གཏོད་ཁྱོན་ཡོངས་ནས་ཇེ་ཟབ་ཏུ་བཏང་བ་དང་། ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་བཏང་ལ། དྲིལ་སྒྲོག་སློབ་གསོ་མི་སེམས་སུ་སིམ་པར་བྱས་པ་དང་།  སྤྱི་ཚོགས་མཉམ་བཅོས་ཆུ་ཚད་བརྟན་བརླིང་ངང་མཐོར་འདེགས་བཏང་ལ། ཁྲིམས་གཉིས་སྦྲེལ་མཐུད་སྟེགས་བུ་དང་རྒྱལ་ཁབ་སྟེགས་བུ་བདེ་བླག་ངང་སྦྲེལ་མཐུད་བྱས་པས། ཞིང་ཆེན་ཡོངས་ཀྱི་རྡུང་རྡེག་གཉིས་ཀྱི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་ན། རིམས་འགོག་དངོས་ཟོག་དང་ཁྱབ་ཁོངས་གཙོ་བོ། ཚོང་ར་གཙོ་བོ། ཞིང་སྡེ་དང་མཁར་གྲོང་ཟུང་འབྲེལ་པུའུ་སོགས་ཁྱབ་ཁོངས་གཙོ་བོའི་ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ལ་དམ་དུ་དམིགས་ནས། རྡུང་རྡེག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་པའི་ཁེ་ཕན་དངོས་དང་ཚོང་རའི་སྒྲིག་ལམ་གཏན་འཇགས་ལ་སྲུང་སྐྱོང་བྱེད་དགོས། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་དང་། ཕྱོགས་སོ་སོའི་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ། ཁྲིམས་འཛིན་ནུས་པ་མཐོར་འདེགས་གཏོང་བ། གླེང་ཕྱོགས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། བྱ་བ་བརྟན་བརླིང་ངང་སྤེལ་བ། མཉམ་ཤུགས་གཅིག་ཏུ་བསྡུ་བ། དབང་འཕྲོག་རྫུན་བཟོ་ལ་རྡུང་རྡེག་བྱེད་པའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་ནས། སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གྲུབ་པར་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།