ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་ཞིབ་བྱ་བའི་སྐུལ་སློང་ཚོགས་འདུ་བསྡུས་པ།
ཟླ11པའི་ཚེས2ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་ཞིབ་བྱ་བའི་སྐུལ་སློང་ཚོགས་འདུ་དང་གསོ་སྦྱོང་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དངོས་འབེབས་གཏིང་ཟབ་བྱས་ཏེ། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་གཏོང་བ་དང་སྤྱི་ཡོངས་ལ་དམིགས་གཏོད་པ། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་མཐོ་ཚད་ནས། ཁྱབ་ཁོངས་གཙོ་བོ་འབུར་དུ་ཐོན་པར་བྱེད་པ་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དཀའ་ངལ་ཁྱད་དུ་སེལ་ཐུབ་པ་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས། ལེགས་སྒྲིག་བྱ་བར་ཕན་འབྲས་ངོ་མ་ལེན་ཐུབ་པར་བྱ་དགོས་ཟེར།
གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་ལྟ་ཞིབ་ལས་སྒོ་སྤེལ་བ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་སྲིད་ཇུས་ཀྱི་གཏན་འབེབས་དངོས་འབེབས་དོན་འཁྱོལ་བྱེད་པའི་དངོས་ཡོད་ཀྱི་བྱེད་ཐབས་ཤིག་ཡིན་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་དུ་བསྟར་བའི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་ཡིན་པས། དུས་ཡུན་རིང་བོར་སྐྱེ་ཁམས་གཉིས་དམ་པོར་འཛིན་པ་རྒྱུན་འཁྱོངས་དང་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས། ཏང་སྲིད་འགན་འཁྲི་གཅིག་གནས་དང་ལས་གནས་གཅིག་གི་སྟེང་ནས་འགན་ཁུར་གཉིས་གཅིག་ལྕོགས་བྱེད་པའི་བྱེད་ཐབས་དངོས་འབེབས་རྦད་ཆོད་བྱས་ཏེ། གཅིག་ཤེས་ཀུན་གྲོལ་དང་འདོར་ལེན་གང་ལེགས་བྱེད་པ། གནད་དོན་གྱི་འབྱུང་རྩ་འཚོལ་བ། དམིགས་ཚད་ལྟར་ལས་དོན་སྒྲུབ་པ་བཅས་བྱས་མཐར། ལྟ་ཞིབ་ལེགས་སྒྲིག་གི་ཆབ་སྲིད་ཀྱི་རྒྱུགས་ལན་ཡག་པོ་ཞིག་འབུལ་དགོས་ཟེར།