མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱི“མཚོ་སྔོན་གྱི་སྲིད་ཁྲིམས་ལས་དོན་འཆད་ཁྲིད་ཆེན་མོའི”འཆད་ཁྲིད་སྐབས་དང་པོ་མགོ་ཚུགས་པ།

ཡོས་བུ།  2020-11-06 15:25:40  རང་རེའི་འཕྲིན།

མཚོ་སྔོན་ཞིང་ཆེན་གྱི“མཚོ་སྔོན་གྱི་སྲིད་ཁྲིམས་ལས་དོན་འཆད་ཁྲིད་ཆེན་མོའི”འཆད་ཁྲིད་སྐབས་དང་པོ་མགོ་ཚུགས་པ།

ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་དང་། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་སློབ་གསོ་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“མཚོ་སྔོན་གྱི་སྲིད་ཁྲིམས་འཆད་ཁྲིད་ཆེན་མོའི”ཆེད་དོན་འཆད་ཁྲིད་སྐབས་དང་པོ་མཚོ་སྔོན་མི་རིགས་སློབ་ཆེན་དུ་སྤེལ་བ་རེད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སྲིད་འཛིན་འདྲི་གཅོད་ཁྲིམས་རའི་ཁྲིམས་དཔོན་ལིའུ་ཕུའུ་མེ་ཡིས《སྲིད་འཛིན་ཁྲིམས་འཛིན་དང་སྲིད་འཛིན་འདྲི་གཅོད》ཅེས་པ་ཁ་བྱང་དུ་བྱས་ནས་མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་རིག་སློབ་གླིང་གི་དགེ་སློབ500ལྷག་ཙམ་དང་བསམ་བློ་བརྗེ་རེས་བྱས་པ་རེད།

འཆད་ཁྲིད་ཀྱིས“ཉེ་བའི་ལོ་ཤས་རིང་གི་རང་རེའི་ཞིང་ཆེན་གྱི་སྲིད་འཛིན་གཏུག་བཤེར་གྱོད་གཞི་ཞིབ་གཅོད་དང་སྲིད་འཛིན་ལས་ཁུངས་གྱོད་ཕམ་བྱུང་བའི་གནས་ཚུལ་ལ་དམིགས་ཏེ། སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བྱེད་རིང་དུ་གནས་པའི་གནད་དོན་དང་། སྲིད་འཛིན་འདྲི་གཅོད་ཀྱི་ལྟ་ཕྱོགས་ནས་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་དབང་ལག་བསྟར་དང་། སྲིད་འཛིན་འདྲི་གཅོད་ཀྱི་འདུ་ཤེས་དང་སྲིད་འཛིན་གྱོད་དོན་ཞིབ་གཅོད་ཀྱི་བསམ་ཕྱོགས”བཅས་ཕྱོགས་བཞིའི་ཐད་ཀྱི་ནང་དོན་ལ་སྐུལ་འདེད་ཇི་ལྟར་གཏང་རྒྱུ། དེ་བཞིན། ཞིབ་ཕྲའི་གྱོད་དཔེ་དང་ཞིབ་ཅིང་ཕྲ་བའི་གཞི་གྲངས་འབོར་ཆེན་དང་། དོན་ཟབ་ལ་གོ་བདེ་བའི་ཁྲིམས་གཞིའི་འགྲེལ་བཤད་དང་དོན་དངོས་དང་མཐུན་པའི་དབྱེ་ཞིབ་ཐོག་ནས་སྲིད་འཛིན་ཁྲིམས་འཛིན་དང་སྲིད་འཛིན་འདྲི་གཅོད་དབར་གྱི་རྩོད་སྒྲུབ་འབྲེལ་བ་དང་ཁྲིམས་གཞིའི་གཞི་འཛིན་ས་རྒྱས་བཤད་བྱས་ཡོད། ཚོགས་ཞུགས་དགེ་སློབ་ཚོས་འཆད་ཁྲིད་ཀྱི་ནང་དོན་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་གནད་དོན་ཐད་གཅིག་རྗེས་གཉིས་མཐུད་ངང་དྲི་བ་བཏོན་པས་འཆད་ཁྲིད་ཡུལ་དངོས་སུ་སློབ་སྦྱོང་གི་མཁའ་དབུགས་བཟང་པོ་ཞིག་ཆགས་ཡོད།

འཆད་ཁྲིད་ལ་ཞུགས་པའི་དགེ་སློབ་ཚོས་བཤད་རྒྱུར། ལས་གནས་སུ་ཡོད་པའི་ཁྲིམས་དཔོན་གདན་དྲངས་ཏེ་ཁྲིམས་རིག་པའི་སློབ་གླིང་དུ་ཡོང་ནས་ཁྲིམས་ལུགས་འཆད་ཁྲིད་བྱས་པ་དེ་ནི་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་འཚོལ་ཞིབ་གསར་པ་ཞིག་ཡིན་པས། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་དང་སྤྱི་དམངས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་གལ་ཆེའི་རང་བཞིན་ལ་དགེ་སློབ་ཚོའི་ངོས་འཛིན་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་། ཞིང་ཆེན་ནང་ཁུལ་དུ་བྱུང་བའི་དོན་དངོས་དཔེ་མཚོན་ལ་དབྱེ་ཞིབ་བྱས་པ་བརྒྱུད་སློབ་མ་ཚོས་ཡིག་ཐོག་གི་བཅའ་ཁྲིམས་དོན་ཚན་དང་དོན་དངོས་བེད་སྤྱོད་ཀྱི་བསམ་གཞིག་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱས་ཡོད་ཟེར།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།