མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག

ཝང་ཀྲིན་ཧྲིན་གྱིས་མེ་འགོག་ཁྲའོ་རོགས་དམག་འཁྲུག་ལ་ཞུགས་པའི་དམག་མི་རྒན་པར་འཚམས་འདྲི་བྱས་པ།

ཡོས་བུ།  2020-10-30 15:38:10  རང་རེའི་འཕྲིན།

ཝང་ཀྲིན་ཧྲིན་གྱིས་མེ་འགོག་ཁྲའོ་རོགས་དམག་འཁྲུག་ལ་ཞུགས་པའི་དམག་མི་རྒན་པར་འཚམས་འདྲི་བྱས་པ།


        ཟླ10པའི་ཚེས26ཉིན། ཧྲིན་ཀྲང་གཞོན་པའམ་སྤྱི་བདེ་ཐིང་གི་ཐིང་ཀྲང་ཝང་ཀྲིན་ཧྲིན་གྱིས་ཟི་ལིང་དུ་མེ་འགོག་ཁྲའོ་རོགས་དམག་འཁྲུག་ལ་ཞུགས་པའི་དང་བླངས་དམག་གི་དམག་མི་རྒན་པ་ཀྲིག་ཐའེ་དང་ཏུང་ཧྲི་དབྱི། རིན་ཆི་པཱང་བཅས་དང་ཁོ་ཚོའི་ཁྱིམ་མི་ལ་འཚམས་འདྲི་བྱས་པར་མ་ཟད། ཁོ་ཚོར་སེམས་གཏིང་ནས་གུས་འདུད་ཞུས་པ་རེད།

ཝང་ཀྲིན་ཧྲིན་སྔ་རྗེས་སུ་དམག་མི་རྒན་པ3གྱི་ཁྱིམ་ཚང་དུ་ཕྱིན་ནས་མེ་ཏོག་ཕུལ་བ་དང་འཚམས་འདྲིའི་དངུལ་བྱིན་ཏེ། ཁོ་ཚོར་ཀྲུང་གོ་མི་དམངས་དང་བླངས་དམག་མེ་འགོག་ཁྲའོ་རོགས་དམག་འཁྲུག་ལ་ཞུགས་ནས་ལོ་འཁོར70ལོན་པའི་དྲན་གསོའི་རྟགས་མ་ཕུལ་པར་མ་ཟད། ཁོ་ཚོའི་ལུས་ཕུང་གནས་བབ་དང་འཚོ་བའི་གནས་ཚུལ་གསལ་པོར་དྲིས་པ་དང་། ཁོ་ཚོས་མེ་འགོག་ཁྲའོ་རོགས་དམག་འཁྲུག་ལ་ཞུགས་པའི་ལོ་རྒྱུས་ཕྱིར་དྲན་ལ་ཉན་ཞིང་། དུས་རབས་གསར་པའི་འཚོ་བའི་འཕེལ་རྒྱས་དང་འགྱུར་ལྡོག་ཐད་ནས་གླེང་མོལ་བྱས། དམག་མི་རྒན་པ་ཚོའི་ལུས་ཕུང་བདེ་ཞིང་འཚོ་བ་སྐྱིད་ལ། སེམས་ཁམས་ཧ་ཅང་བཟང་བ་མཐོང་རྗེས། ཝང་ཀྲིན་ཧྲིན་གྱིས་བཤད་རྒྱུར། མེ་འགོག་ཁྲའོ་རོགས་དམག་འཁྲུག་སྐབས་ཀྱི་དཀའ་སྡུག་གི་ལོ་རྒྱུས་དང་རླབས་ཆེན་གྱི་རྒྱལ་ཁ་ཡིད་ལ་ནམ་ཡང་དམ་པོར་འཛིན་པ་དང་། མེ་འགོག་ཁྲའོ་རོགས་ཀྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་བ། མི་དམངས་ཉེན་རྟོག་དཔུང་སྡེ་ཡིས་བཀའ་ཚིག་སྙིང་སྟོབས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་སློང་བྱེད་པ། “སྐད་ཆ་བཞི་དང་ཡིག་འབྲི་བཅུ་དྲུག”གི་སྤྱིའི་རེ་བ་ལག་བསྟར་ནན་མོ་བྱེད་པ། འགན་འཁྲི་དང་ལས་འགན་ཡིད་ལ་དམ་པོར་འཛིན་པ། བློ་དཀར་བོས་འགན་འཁྲི་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཕྱོགས་ཡོངས་ནས་རྒྱུན་མཐུད་ངང་གཏན་འཇགས་ཡིན་པ་དང་སྒྲིག་ལམ་ཡོད་པར་ཁག་ཐེག་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་རྒྱལ་ཁའི་ངང་བསྡུ་བར་བདེ་འཇགས་གཏན་འཇགས་ཀྱི་ཆབ་སྲིད་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་ཟེར།

དམག་མི་རྒན་པ་ཚོས། རྒྱ་ཆེའི་མི་དམངས་ཉེན་རྟོག་པས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། མི་དམངས་ཀྱི་ཁེ་ཕན་ནམ་ཡང་གོ་གནས་དང་པོར་བཞག་སྟེ། མཚོ་སྔོན་ཡུན་རིང་འཕེལ་རྒྱས་སུ་གཏོང་བ་དང་ཡུན་སྐྱོང་བདེ་སྐྱིད་ལ་འགོད་པར་བྱེད་པའི་ཐད་ཡང་བསྐྱར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་པའི་ཚུལ་བསྟན་པ་རེད།


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།