མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག

ཞིང་ཆེན་ཤེས་བྱའི་ཐོན་དབང་འཐབ་ཇུས་ལག་བསྟར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཟི་ལིང་ནས་འཚོགས་པ།

  2020-10-28 16:22:20  གངས་ལྗོངས་མེ་ལོང་།

ཞིང་ཆེན་ཤེས་བྱའི་ཐོན་དབང་འཐབ་ཇུས་ལག་བསྟར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཟི་ལིང་ནས་འཚོགས་པ།

ཟླ10པའི་ཚེས26ཉིན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཤེས་བྱའི་ཐོན་དབང་འཐབ་ཇུས་ལག་བསྟར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་སྡུད་མཁན་ལིའུ་ཐོ་ཡིས་འགོ་མཛིན་བྱས་ནས་མཉམ་འབྲེལ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤེས་བྱའི་ཐོན་དབང་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་ཐོན་དབང་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་དང་གསར་སྐྲུན་དང་བཀོལ་སྤྱོད་བྱ་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་འཐབ་ཇུས་ལག་བསྟར་བྱ་བའི་མཉམ་འབྲེལ་གྲོས་ཚོགས་གཞུང་སྒྲུབ་ཁང་དང་ཁོངས་གཏོགས་སྡེ་ཁག་གི་བྱ་བའི་འགན་འཁྲི་ལ་གྲོས་ཞིབ་བྱས།

ཚོགས་ཐོག་ནས་བསྟན་དོན། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ནི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ། ལས་སྐྲུན་དངུལ་གཏོང་ལ་སྐུལ་འདེད་གཏོང་བ་དང་ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་ཐབས་ལམ་གལ་ཆེན་ཡིན། མིག་སྔར། ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་ཐོན་དབང་ཕྱོགས་བསྡུས་དོ་དམ་སྒྲིག་གཞི་དངོས་སུ་གྲུབ་པ་དང་། གསར་སྐྲུན་ནུས་པ་བརྟན་བརླིང་ངང་མཐོར་འདེགས་སོང་ལ། སྲུང་སྐྱོབ་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་བཏང་བ་དང་བཀོལ་སྤྱོད་ཕན་འབྲས་སྔར་ལས་མངོན་གསལ་ཡིན།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ནས། ཤེས་བྱའི་ཐོན་དབང་བྱ་བའི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས། བྲེལ་མྱུར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཤེས་བྱའི་ཐོན་དབང་བྱ་བར་འཆར་འགོད་བྱེད་པ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་ཤུགས་སྣོན་པ། ཤེས་བྱའི་ཐོན་དབང་གི་གསར་སྐྲུན་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ། ཤེས་བྱའི་ཐོན་དབང་གི་མཉམ་ལས་བརྗེ་རེས་ལ་ཤུགས་བསྣན་ནས། ཤེས་བྱའི་ཐོན་དབང་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་འདེགས་སྐྱོར་དང་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་བྱེད་དགོས། མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལག་བསྟར་ཇུས་གཞི་ལག་བསྟར་བཟང་བོ་བྱེད་པ་དང་། ཡིག་ཆའི་དགོངས་དོན་ལ་རྒྱུས་ལོན་གསལ་བོ་བྱེད་པ། འགན་འཁྲི་དང་ལས་འགན་གཙོ་བོའི་བཀོད་སྒྲིག་ལྟར། འགན་ནུས་བཟང་བོར་བསྒྲུབ་པ་དང་། སྟོབས་ཤུགས་ཡོད་རྒུས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་ནས། མཚོ་སྔོན་གྱི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་པའི་ཐད་བྱས་རྗེས་འཇོག་དགོས་ཟེར།


 


རྩོམ་སྒྲིག་པ། སྐལ་བཟང་རྒྱལ།