མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་འཚོགས་པ།

  2020-10-26 11:18:58  གངས་ལྗོངས་མེ་ལོང་།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་འཚོགས་པ།

ཟླ10པའི་ཚེས21ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ལ་མགོ་འཛིན་གནང་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གནང་བ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ཤིང་། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་སྟེང་བསྟན་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པས་ད་ལྟ་དང་མ་འོངས་པའི་བོད་འབྲེལ་ལས་དོན་ལ་བཀོད་སྒྲིག་གསར་པ་བྱས་ནས་དུས་རབས་གསར་པའི་བོད་འབྲེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཁ་ཕྱོགས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ལྡན་པའི་གནད་དོན་གལ་ཆེན་རབས་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབས་པས། ཧ་ཅང་ཤུགས་དྲག་པོའི་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་ཀྱི་རང་བཞིན་བཅས་ལྡན་ཞིང་། དུས་རབས་གསར་པའི་བོད་འབྲེལ་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཏུ་གྱུར་ཡོད། ང་ཚོས་བསམ་བློ་དང་སྤྱོད་པ་གཉིས་ཀྱི་ཆ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་པ་དང་། “འདུ་ཤེས་བཞི”སྔར་ལས་ལྷག་པར་ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་འགན་ཁག་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས་ལ། ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་པར་འགན་འཁྲི་ཕྲག་ཏུ་བབས་ཡོད་ལ་ཧ་ཅང་ལྗིད་མོ་ཡིན། སློབ་སྦྱོང་ཞིབ་འཇུག་གིས་ལས་དོན་སྐུལ་འདེད་གཏོང་བ་དང་། “ཁྱོན་ཡོངས་གཉིས”ལ་རྐང་ཚུགས་པར་བྱེད་པ། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་སློབ་སྦྱོང་ཡག་པོ་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ཡག་པོ་བྱེད་པ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་མཆོག་འདི་བེད་སྤྱོད་ཡག་པོ་བྱེད་ཅིང་། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོར་བསྐྱོད་ནས། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཨུས་མཐོང་ཆེན་དང་མཉམ་དུ་འབད་བརྩོན་བྱས་ནས། ཏང་གིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྙིང་རུས་རྒྱུན་འཁྱོངས་དང་། ཉིན་བཞིན་རྩོལ་བ་བསྐྱེད་པ། སྟོབས་ཤུགས་ཆད་མེད་དུ་འདོན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས། མི་རིགས་ཁག་ནི་སེ་འབྲུའི་འབྲས་བུ་དང་འདྲ་བར་དམ་པོར་འཁྱུད་པར་སྐུལ་འདེད་གཏོང་དགོས། ས་སྲུང་གི་འགན་འཁྲི་ཡོད་པ་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་པ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་སྒྲུབ་པར་སྣེ་ཁྲིད་ནས། འབྱོར་ཕྱུག་དང་། ཤེས་དཔལ། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་པ་རེད།


རྩོམ་སྒྲིག་པ། 尕藏加