མདུན་ངོས། བློ་སྟོན། རྒྱུན་ཤེས། གཟུ་བཤད། གྱོད་དཔེ། སྒྱུ་རྩལ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས《སྨྱན་སྦྱོར་མཉམ་འདྲེས་ཟབ་སྤེལ་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 ཅེས་པ་པར་འགྲེམས་བྱས།

བན་དེ་སྐྱབས།  2020-09-29 10:12:37  གངས་ལྗོངས་མེ་ལོང་།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས《སྨྱན་སྦྱོར་མཉམ་འདྲེས་ཟབ་སྤེལ་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 ཅེས་པ་པར་འགྲེམས་བྱས།   

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས《སྨྱན་སྦྱོར་མཉམ་འདྲེས་ཟབ་སྤེལ་འཕེལ་རྒྱས་འགྲོ་རྒྱུར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཅེས་པ་པར་སྐྲུན་འགྲེམས་སྤེལ་བྱས་ནས་བརྡ་ཐོ་བཏང་བར་མ་ཟད། ས་གནས་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན།

《བསམ་འཆར》ནང་སྨྱན་སྦྱོར་མཉམ་འདྲེས་ཟབ་སྤེལ་འཕེལ་རྒྱས་གཏོང་བའི་སྤྱིའི་བླང་བྱ་ཁ་གསལ་བཏོན་ནས་ནན་གྱིས་བསྟན་དོན། སྨྱན་སྦྱོར་ཁྱོན་ཡོངས་ཀྱི་དུས་རབས་སུ་ལས་དོན་འདིར་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་དང་དགོས་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་དགོས་པ་དང་། དྲང་ཕྱོགས་ཀྱི་ནུས་པ་ནི་སྤྱིའི་བླང་བྱ་ཡིན་པ་དང་དོ་དམ་ཐུབ་པ་ནི་གནས་ལུགས་འགྱུར་མེད་ཡིན་པ། བེད་སྤྱོད་ཡག་པོ་བྱེད་པ་ནི་འཇོན་ཐང་ངོ་མ་ཡིན་པ་བཅས་རྒྱུན་འཁྱོངས་བྱེད་དགོས། ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་གཞི་གཅིག་འཕེལ་རྒྱས་རྒྱུན་འཁྱོངས། སྤོ་སྒུལ་སྔོན་ལ་འཇོག་པ་རྒྱུན་འཁྱོངས། ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་གྱིས་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་བྱེད་ཐབས། བརྒྱུད་རིམ་དོ་དམ། ཤེས་ལྡན་མི་སྣའི་ལག་རྩལ་སོགས་ཀྱི་ཐད་མཉམ་འདྲེས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། ཤུགས་རྐྱེན་དང་འགྲན་རྩོད་ནུས་པ་ཆེན་པོ་ལྡན་པའི་གཙོ་རྒྱུགས་སྨྱན་སྦྱོར་གསར་པ་ཁག་གཅིག་གང་མགྱོགས་ཀྱིས་སྐྲུན་དགོས། དྲ་ཐོག་དང་དྲ་འོག་གཞི་གཅིག་ཏུ་འགྱུར་བར་བྱེད་པ་དང་། ནང་ཁུལ་དྲིལ་བསྒྲགས་དང་ཕྱི་ཕྱོགས་དྲིལ་བསྒྲགས་མཉམ་འགུལ་གྱི་གཙོ་རྒྱུགས་གླེང་ཕྱོགས་ཀྱི་རྣམ་པ་རིམ་བཞིན་ཆགས་པར་བྱེད་དགོས། ནང་དོན་འཛུགས་སྐྲུན་རྩ་བར་འཛིན་པ་དང་སྔོན་ཐོན་ལག་རྩལ་གྱིས་འདེགས་སྐྱོར་བྱེད་པ། གསར་གཏོད་དོ་དམ་གྱིས་འགན་སྲུང་བྱེད་པ་བཅས་ཀྱི་སྨྱན་སྦྱོར་ཁྱོན་ཡོངས་ཅན་གྱི་འགྲེམས་སྤེལ་མ་ལག་འཛུགས་དགོས།

《བསམ་འཆར》ཁྲོད་བསྟན་དོན། གཙོ་ཤུགས་དམག་ཕྱོགས་ཡོངས་ནས་འཐབ་ས་གཙོ་བོར་སྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། འཕྲིན་སྦྲེལ་དྲ་བའི་བསམ་གཞིགས་ལ་བརྟེན་ནས་ཐོན་ཁུངས་བཀོད་སྒྲིག་ལེགས་འགྱུར་བྱས་ཏེ། ནང་དོན་སྤུས་ལེགས་དང་སྔོན་ཐོན་ལག་རྩལ། ཆེད་ལས་ཤེས་ལྡན་མི་སྣ། རྣམ་གྲངས་མ་དངུལ་བཅས་སྔར་ལས་མང་བ་འཕྲིན་སྦྲེལ་དྲ་བའི་གཡུལ་ས་གཙོ་བོར་བསྡུ་འགུགས་བྱེད་དགོས། སྨྱན་སྦྱོར་ཡོངས་ཀྱི་དུས་རབས་ཀྱི་མང་ཚོགས་ལམ་ཕྱོགས་སྟེང་ཡག་པོ་བསྐྱོད་དགོས། མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཏང་གི་སྲོལ་རྒྱུན་བཟང་པོ་དང་ལག་རྩལ་གསར་པ་དང་བྱེད་ཐབས་གསར་པ་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱིས་དགའ་བསུ་ཐོབ་པའི་ནང་དོན་ཐོན་སྐྱེད་དང་མང་ཚོགས་དང་ཁ་འབྲལ་ཐབས་མེད་པའི་བརྒྱུད་ལམ་བཏོད་དགོས།

《བསམ་འཆར》ཁྲོད་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མ་དངུལ་དང་སྲིད་ཇུས་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྨྱན་སྦྱོར་མཉམ་འདྲེས་ཟབ་སྤེལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་དགོས། དཔྱད་འཇོག་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།




རྩོམ་སྒྲིག་པ། སྐལ་བཟང་རྒྱལ།